གྲོང་ཁྱེར་འདི10ཡིས་དོ་སྣང་བྱེད་དགོས་པའི་ཉེན་བརྡ་བཏང་། 

ཟླ8པའི་ཚེས2ཉིན། ཆུ་བེད་པུས་འབྲུབ་འགོག་ཚོགས་འདུ་འཚོགས་ནས་འབྲི་ཆུ་དང་སུང་ལེའོ་སོགས་འབབ་རྒྱུད་ཀྱི་ཆར་ཆུའི་གནས་ཚུལ་དང་ཆུ་འབྲུབ་ཚུལ་གྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་བཅད་དེ། དྲག་ཆར་དང་ཆུ་ལོག་སྔོན་འགོག་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

པེ་ཅིང་དང་། ཧོ་པེ། ཧྲན་ཞི། ནང་སོག ཅི་ལིན། ཀོང་ཞི། ཡུན་ནན། ཧྲའན་ཞི། ཀན་སུའུ། ཉིང་ཞ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར10ལ“ཞིང་ཆེན་གཅིག་ལ་ཐོ་གཅིག”གི་དམིགས་འབེན་ཉེན་བརྡ་བཏང་ནས། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལ་ཆུ་མཛོད་དང་ཆུ་རགས་བདེ་འཇགས་ངང་འབྲུབ་འགོག་དང་། ཆུ་རགས་ལ་སྐོར་ཞིབ་འགོག་སྲུང་། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་ཆུ་ལོག་གི་གནོད་འཚེ་འགོག་སྲུང་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས་པའི་དྲན་སྐུལ་བྱས་པ་རེད།

ཉེ་ལམ། ཆུ་བེད་པུའི་ལས་དོན་ཚོ་ཆུང་ཁྱོན9ཡིས་ལེའོ་ཉིང་དང་། ཅི་ལིན། ཧེ་ལུང་ཅང་། ཧུའུ་ནན། ཧོ་པེ། ནང་སོག མཚོ་སྔོན་སོགས་ས་ཁུལ་དུ་ཆུ་ལོག་འགོག་སྲུང་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་ཀྱི་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号