ལི་ཆང་དང་དབྱི་ཐ་ལིའི་ཙུང་ལི་མའེ་ལུའོ་ཉི་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མགོ་ཚུགས་མཛད་སྒོར་ཞུགས་པ།

ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་དབྱི་ཐ་ལིའི་ཙུང་ལི་མའེ་ལུའོ་ཉི་དང་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ།

ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་དབྱི་ཐ་ལིའི་ཙུང་ལི་མའེ་ལུའོ་ཉི་དང་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ150ལྷག་ཚོགས་འདུར་ཞུགས།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ10སོང་རིང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། མིག་སྔའི་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པའི་རྒྱབ་ལྗོངས་འོག ཀྲུང་དབྱི་ཡིས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་དེ་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་མང་པོ་སྣོན་དགོས། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་ཀྱིས་ཞི་བདེ་མཉམ་ལས་དང་སྒོ་དབྱེ་ཁོངས་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལག་གདང་སྦྲེལ་ནས་ཐུན་མོང་དར་རྒྱས་ཡོང་བར་བྱེད་དགོས།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་ཕྱིན་པ་དེས་ཀྲུང་གོ་དང་དབྱི་ཐ་ལིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་དེ་བས་བརྟན་ལྷིང་གི་སྔོན་དཔག་འཛུགས་པ་དང་དེ་བས་རྒྱ་ཁྱབ་ཀྱི་གོ་སྐབས་བསྐྲུན་ནས། དེ་བས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ཡིད་དབང་ཚུར་འགུག་བྱེད་ཐུབ། ཀྲུང་གོས་སྔུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྔར་བས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། དེས་ཀྲུང་གོའི་དཔལ་འབྱོར་གཞི་ཁྱོན་མགྱོགས་མྱུར་ངང་འཕར་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། དཔལ་འབྱོར་ཇེ་ལེགས་རིམ་སྤོར་ལའང་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་རྒྱུན་མཐུད་ངང་གློད་གྲོལ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་མཁོ་འདོན་བྱ་རྒྱུ་རེད། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་མཉམ་ལས་དང་བསྐྱར་བསྐྲུན་གྱིས་ཚོང་ལས་ཀྱི་གོ་སྐབས་ཚད་མེད་གསོ་སྐྱོང་བྱས་ཡོད། ཀྲུང་གོ་དང་དབྱི་ཐ་ལིས་འཕེལ་ཕྱོགས་ཆེན་པོའི་ཁྲོད་མཉམ་ལས་ཀྱི་གོ་སྐབས་གསར་པ་སྔོག་འདོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་རིག་ནུས་བཟོ་སྐྲུན་དང་ནུས་རྒྱུ་གསར་པ། སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། མཉམ་ལས་ཀྱི་ཁྱབ་ཚད་དང་ཟབ་ཚད་མུ་མཐུད་དུ་རྒྱ་ཆེར་གཏོང་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁོད་ཡངས་པའི་སྒོ་མོས་ཐོག་མཐའ་བར་གསུམ་དུ་དབྱི་ཐ་ལི་སོགས་རྒྱལ་ཁབ་ཁག་གི་ཁེ་ལས་ལ་སྒོ་འབྱེད་རྒྱུ་ཡིན། ང་ཚོས་ཕྱི་གསལ་ནང་གསལ་དང་བརྟན་ལྷིང་སྔོན་དཔག་ཐུབ་པའི་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་ནས་ཚོང་རའི་ཞུགས་འཐུས་སྔར་བས་ཇེ་ཡངས་སུ་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་ལ་འགན་སྲུང་བྱས་ཏེ། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་དང་ལས་རིགས་དར་སྤེལ་ལ་རྒྱབ་སྐྱོར་དང་སྟབས་བདེ་དེ་བས་མང་པོ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པས་གོ་སྐབས་དམ་འཛིན་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ། ཁེ་ལས་ཀྱི་རང་ངོས་འཕེལ་རྒྱས་སྔར་བས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དེ་བས་ཇེ་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་དེ་བས་དམ་ཟབ་དུ་གཏོང་རྒྱུའི་རེ་བ་ཡོད།

མའེ་ལུའོ་ཉི་ཡིས་བསྟན་དོན། མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་གོ་ལ་ཧྲིལ་པོའི་དུས་བབ་ཀྱི་མདུན་དུ། དབྱི་ཀྲུང་གིས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་བཀུར་ཡིད་ཆེས་དང་དྲང་གཞག་གཉིས་ཕན་གྱི་རྨང་གཞིའི་ཐོག དཔལ་འབྱོར་ཚོང་དོན་དང་མ་འཇོག མི་ཐབསས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་རྒྱ་ཆེར་བཏང་ནས། མཉམ་ལས་བྱེད་སྟངས་གསར་སྐྲུན་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་གློད་གྲོལ་བྱེད་པ། ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏོད་དགོས། དབྱི་ཀྲུང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་པོ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྣོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཝུའུ་ཀྲིན་ལུང་མགོ་ཚུགས་མཛད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号