ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་པས་ཧྲང་ཧེ་རུ་སྒྲོག་འགྲེལ་བྱས་པ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་པས་ཚེས28ཉིན་གྱི་སྔ་དྲོ་ཧྲང་ཧེ་རུ་སྒྲོག་འགྲེལ་བྱས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཅི་ཉིང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ།

སྙན་ཞུའི་ཚོགས་འདུའི་སྟེང་། ཁྲེན་ཅི་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་དང་གྲུབ་འབྲས་གཙོ་བོ། བཀོད་སྒྲིག་གལ་ཆེན་བཅས་གོ་བ་གཏིང་ཟབ་བླངས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་ཁ་ཕྱོགས། ལས་འགན་དང་རྩ་དོན་གལ་ཆེན། གནད་དོན་གལ་ཆེན། བྱེད་ཐབས་གལ་ཆེན་སོགས་ཀྱི་ཐད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས། ཁོང་གིས་ཧྲང་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲད་པའི་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་དེ་མངོན་གསལ་གྱི་གནས་སུ་བཞག་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་སྣེ་ཁྲིད་ནུས་པ་འབུར་ཏུ་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པར་ནན་གྱིས་བསྟན།

ཁྲེན་ཅི་ཉིང་ད་དུང་ཧྲང་ཧའེ་གོང་བུར་འགྲིལ་ཤུགས་ལས་གྲྭའི་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ཏེ་སྡེ་ཁུལ་དང་ཁེ་ལས། སློབ་གྲྭ་བཅས་ནས་ཡོང་བའི་གཞི་རིམ་གྱི་འཐུས་མི་དང་སྤེལ་རེས་མཉམ་འགུལ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས། ཡུལ་བབ་དང་བསྟུན་པར་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ་སོགས་ཚང་མས་དོ་ཁུར་བྱེད་པའི་གླེང་གཞིར་བརྟེན་ནས་དྲི་བར་ལན་འདེབས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号