ལི་ཆང་གིས་དབྱི་ཐ་ལིའི་ཙུང་ལི་མའེ་ལུའོ་ཉི་ལ་ཐུག་འཕྲད་གནང་བ།

ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་དབྱི་ཐ་ལིའི་ཙུང་ལི་མའེ་ལུའོ་ཉི་དང་གྲོས་མོལ་གནང་།

ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་དབྱི་ཐ་ལིའི་ཙུང་ལི་མའེ་ལུའོ་ཉི་དང་གྲོས་མོལ་གནང་།

ལི་ཆང་གིས་ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པའི་ལོ་ཡིན། ལོ་འཁོར20ཡི་རིང་ལ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་དང་སྲ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། ཉོ་ཚོང་གི་མ་དངུལ་འཇོག་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དངོས་སུ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་བུད་མེད་ལ་ཐུག་འཕྲད་གནང་སྟེ་ཐུན་མོང་ཐོག་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་བཟོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་སྤེལ་རེས་དང་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་བས་གནད་སྨིན་དང་བརྟན་ལྷིང་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྔར་ལས་དགེ་མཚན་ལྡན་པའི་སྔོན་དཔག་འདོན་སྤྲོད་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་དབྱིའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་དང་ཁྱབ་ཁོངས་སོ་སོའི་གླེང་མོལ་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དུས་མཚུངས་སུ་ཉོ་ཚོང་ལེགས་འགྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲུ་གཟིངས་བཟོ་སྐྲུན་དང་མཁའ་སྐྱོད་འཇིག་རྟེན་འཕུར་སྐྱོད་དང་། ནུས་ཁུངས་གསར་པ། མི་ཐབས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་དང་ཁེ་ལས་འབྲིང་ཆུང་བར་གྱི་གཉིས་ཕན་མཉམ་ལས་མཉམ་སྒྲུབ་དང་། མཉམ་དུ་མ་ཁེ་པོ་ལོ་ཚེ་ལས་འདས་ནས་ལོ་འོཁར700ལོན་པའི་འབྲེལ་ཡོད་དྲན་གསོའི་བྱེད་སྒོ་སོ་སོ་ལེགས་པོར་གཉེར་བ། རིག་རྩལ་དང་བརྙན་འཕྲིན། སློབ་གསོ་སོགས་མི་ཆོས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་མཉམ་ལས་བྱས་ཏེ་ཀྲུང་གོའི་ཁེ་ལས་ལ་དྲང་སྙོམས་དང་བདེ་འཇགས། མཐོང་ཆུང་མ་བྱས་པའི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། སྲུང་སྐྱོང་རིང་ལུགས་ཀྱིས་འགྲན་རྩོད་ནུས་པར་སྲུང་སྐྱོབ་བྱེད་མི་ཐུབ་པ་དང་། སྒོ་འབྱེད་མཉམ་ལས་བྱས་ན་ད་གཟོད་གཉིས་ཕན་མཉམ་རྒྱལ་ཡོང་བའི་རེ་བ་བཅངས་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཕྱི་ཡུལ་གྱི་རྗེས་དཔག་གིས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་པ་དང་། རོགས་ཟླའི་གནས་བབ་གཏན་འཁེལ་རྒྱུན་འཁྱོངས་དང་། གླེང་མོལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་པོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ལ།མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་ཡིན་པར་བསྟན།

མའེ་ལུའོ་ཉི་ཡིས་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དང་རིམ་པ་སོ་སོའི་ཁྱབ་ཁོངས་སོ་སོའི་འགྲོ་འོང་ཇེ་དམ་དུ་སོང་བ་དང་། དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་མ་དངུལ་འཇོག་པ་དང་། བཟོ་ལས། ཚན་རྩལ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པ་དྲན་གསོ་ཞུ་བ་དང་། མ་ཁི་པོ་སྐུ་གཤེགས་པར་དྲན་གསོ་ཞུ་བའི་ལོ700འཁོར་བར་གོ་སྐབས་སུ་བྱས་ཏེ། མཛའ་བཤེས་ཀྱི་ཟམ་པ་འཛུགས་པ་དང་། མཉམ་ལས་ཀྱི་སྟོབས་ཤུགས་གསར་པ་སྔར་ལས་ལྷག་པར་བསྐྲུན་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ལྷག་བསམ་ཟོལ་མེད་ངང་གླེང་མོལ་དང་སྔར་བས་བརྟན་ལྷིང་གི་མཉམ་ལས་འབྲེལ་བ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས།

གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཐུན་མོང་ཐོག་བཟོ་ལས་དང་སློབ་གསོ། ཁོར་ཡུག་སྲུང་སྐྱོང་། ས་བབ་མཚོན་རྟགས། ཟས་རིགས་བདེ་འཇགས་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད།

གྲོས་མོལ་མ་བྱས་གོང་ལ། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་ཕྱོགས་ཚོམས་ཆེན་དུ་མའེ་ལུའོ་ཉི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号