དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་བྱེད་མགོ་ཚུགས་པ།

ཉེ་ལམ། རང་བྱུང་ཐོན་ཁུངས་པུའུ་ཡིས་བརྡ་སྦྱོར་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་ལས་དོན་སྤེལ་བར་བཀོད་སྒྲིག་བྱས། ཐེངས་འདིའི་གཙང་བཤེར་བྱེད་པའི་ཁྱབ་ཁོངས་ལ་དམངས་ཡོངས་ལ་དབང་བའི་ས་ཞིང་དང་གཏེར་རྫས། ནགས་ཚལ། རྩྭ་ཐང་། བརླན་ས། ཆུ། རྒྱ་མཚོ་སོགས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིགས7འདུས་ཤིང་། 2026ལོའི་ཟླ6པར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་རྩིས་ཡོད།

ཐེངས་འདིའི་རྒྱུ་ནོར་ལ་ཞིབ་བཤེར་བྱས་པ་བརྒྱུད་རང་བྱུང་ཐོན་ཁུངས་ཞིབ་བཤེར་རྟོག་འཇལ་དང་། དབང་ཆ་གཏན་འཁེལ་ཐོ་འགོད། རིམ་པ་དབྱེ་བ། གཞི་རྩའི་ས་རིན་སོགས་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་བྱས་ཏེ། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གྱི་དངོས་པོའི་གྲངས་ཚད་དང་བཤེར་རྩིས་རིན་ཐང་གི་གྲངས་ཚད་གཙང་བཤེར་བྱེད་པ་དང་། རྒྱུ་ནོར་གྱི་གཞི་གྲངས་གསལ་བོར་ཤེས་པ་དང་། ས་ཁོངས་བརྟག་དཔྱད་དང་གཏན་འཇགས་མིན་པའི་རྒྱུ་ནོར་གྱི་ཐོ་འགོད་སོགས་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་། རིམ་བཞིན་སྤྱོད་དབང་གི་གནས་ཚུལ་གསལ་བོར་རྒྱུས་ལོན་བྱས་ཏེ། དངོས་པོའི་ཚད་ཀྱི་དཔེ་རིས་དང་རིན་ཐང་གི་ཚད་ཀྱི་དཔེ་རིས་དང་། རྒྱུ་ནོར་བདག་དབང་གི་དཔེ་རིས་སོགས་ཐུན་མོང་གིས་གྲུབ་པའི་རྒྱུ་ནོར་གྱི་དཔེ་རིས་ཤིག་ཆགས་ནས། དགོས་མཁོ་ལྟར་རིགས་སོ་སོའི་དཔེ་རིས་དང་གཞི་གྲངས་མཐུན་སྦྱོར་དོ་དམ་བྱ་རྒྱུ་རེད། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གྱི་གཞི་གྲངས་གསལ་བོར་རྒྱུས་ལོན་བྱས་པ་བརྒྱུད། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ་པ་མ་ཟད། བདག་པོའི་ཁེ་དབང་ལ་སྲུང་སྐྱོང་གང་ལེགས་བྱེད་ཐུབ་པ་དང་། རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་གྱི་ཆེད་དམིགས་སྙན་ཞུ་དང་དམངས་ཡོངས་ལ་དབང་བའི་རྒྱུ་ནོར་གྱི་བུ་ལོན་ཁུར་བའི་རེའུ་མིག་སྒྲིག་བཟོ་སོགས་ཀྱི་བྱ་བར་ཞབས་འདེགས་བྱས་ཏེ། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གྱི་བདག་པོའི་འགན་འཁྲི་ལག་བསྟར་བྱེད་ཐུབ་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号