ཧན་ཀྲིན་གྱིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་ལ་ཐུག་འཕྲད་གནང་བ།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས27ཉིན་གྱི་ཕྱི་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པ་ལི་རུ་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་ལ་ཐུག་འཕྲད་གནང་།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས27ཉིན་གྱི་ཕྱི་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པ་ལི་རུ་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ་པ་ལི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་ངོ་མཚར་ལྡན་པའི་ངང་ལེགས་འགྲུབ་བྱུང་བར་ཀྲུང་གོ་ཕྱོགས་ཀྱིས་དེར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། མིའི་རིགས་ཀྱི་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བཟུང་སྟེ། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་སྔར་ལས་དར་སྤེལ་གཏོང་དགོས་པ་དང་། སྐབས་འདིའི་ཨའོ་རྩལ་འགྲན་ཚོགས་ལ་དམིགས་བསལ་གྱི་དོན་སྙིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཡུན་རིང་རྒྱུན་འཁྱོངས་དང་། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་ཨེ་ཤེ་ཡའི་དགུན་ཁའི་ལུས་རྩལ་འགྲན་ཚོགས་གཉེར་བར་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

པ་ཧོས་ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བར་བརྒྱུད་བཤད་བྱས་ཏེ། ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཞི་ཅིན་ཕིང་གི་ཚབ་བྱས་ནས་པ་ལིའི་ཨའོ་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། པ་ཧོ་ཡིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ལས་དོན་གྱི་གཞི་རྩའི་ཡིད་ཆེས་ནི་ཕྱོགས་མང་རིང་ལུགས་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ། པྲོག་གསར་རིམས་ནད་གྱི་དམིགས་བསལ་རྒྱབ་ལྗོངས་འོག་ཏུ་པེ་ཅིན་གྱི2022ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་བྱུང་བ་དང་། འཛམ་གླིང་གི་ཨོ་རྩལ་འགྲན་ཚོགས་ལ་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས། རྒྱལ་སྤྱིའི་ཨའོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུརསོ་སོ་ཡག་པོར་གཉེར་ནས་ཨོ་ལིན་ཕིག་གི་སྙིང་སྟོབས་ཁྱབ་སྤེལ་གཏོང་འདོད་ཡོད་ཅེས་གསུངས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号