བྱེད་ཐབས་བཅུས་ཞིང་ཆེན་ཡོངས་ཀྱི་སྐམས་ཤའི་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཉེ་ལམ་དཔར་ནས་བཀྲམས་པའི་མཚོ་སྔོན་ཞིང་ཆེན་གྱིས་སྐམས་ཤའི་ཐོན་ལས་བརྟན་པོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་བཅུ་ལས། རིམ་པ་མང་བ་དང་ཁ་ཕྱོགས་མང་བ། ཟུར་ཚད་མང་བའི་ཕྱོགས་བསྡུས་ཐབས་ཇུས་བཏོན་ནས། མིག་སྔར་རྒྱལ་ཡོངས་སྐམས་ཤའི་ཚོང་རའི་རིན་གོང་གི་ཤུགས་རྐྱེན་ཐེབས་ཏེ་ནོར་གནག་དང་སྐམས་ཤའི་རིན་གོང་རྒྱུན་མཐུད་ངང་ཇེ་དམའ་རུ་སོང་བའི་གནས་ཚུལ་ལ་ཁ་གཏད་འཇལ་ནས། སྐམས་ཤའི་རྨང་གཞིའི་ཐོན་ནུས་སྔར་ལས་བརྟན་འཇགས་ཡོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྐམས་ཤའི་ཐོན་ལས་རྒྱུན་ཆད་མེད་པར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

བྱེད་ཐབས་ལས་སྐམས་ཤའི་ཐོན་ནུས་ཇེ་བརྟན་དུ་གཏོང་རྒྱུ་སྲོག་ཤིང་དུ་བཟུང་སྟེ།  སྲིད་ཇུས་དངོས་འབེབས་བྱེད་པ་དང་། ཕྱུགས་ཟོག་གི་སྒྲིག་གཞི། གསོ་སྐྱོང་ལག་རྩལ། རྒྱུད་བཟང་སྤེལ་བ། དངུལ་རྩའི་རྒྱབ་སྐྱོར། ཐོན་སྐྱེད་ཕྱིར་འཚོང་། སྤུས་ཚད་བདེ་འཇགས། རིམས་ནད་སྔོན་འགོག་སོགས་ཕྱོགས་བཅུའི་ཐད་ཀྱི་ཕན་ནུས་ལྡན་པའི་མཛུབ་སྟོན་བྱེད་ཐབས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་དང་། གྲོང་གསེབ་དར་སྤེལ་སྦྲེལ་མཐུད་མ་དངུལ། སྲིད་ཇུས་རང་བཞིན་གྱི་བྱ་དགའི་ཁ་གསབ་དངུལ་སོགས་བེད་སྤྱོད་གང་ལེགས་གཏོང་བར་སྣེ་ཁྲིད་བྱས་ནས། ཐོན་ལས་ཐོན་ཁུངས་སྡེབ་སྒྲིག་སྔར་ལས་ལེགས་སྒྱུར་བྱེད་པ་དང་། སྐམས་ཤ་ཐོན་སྐྱེད་བྱེད་ནུས་ཇེ་མཐོར་གཏོང་བ། རྨང་གཞིའི་ཐོན་ནུས་བརྟན་འཇགས་བཏང་ནས། རང་ཞིང་གི་སྐམས་ཤའི་ཐོན་ལས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号