ཝང་ཧུའུ་ཉིང་གིས་མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་དཔོན་ཅ་ཞི་ཡ་ལ་ཐུག་འཕྲད་གནང་།

ཟླ7པའི་ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་དཔོན་ཅ་ཞི་ཡ་ལ་ཐུག་འཕྲད་གནང་།

ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་དཔོན་ཅ་ཞི་ཡ་ལ་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཡིན་ལ། ཀྲུང་གོ་དང་མེ་གླིང་དབུས་མའི་གྲོས་ཁང་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་མེ་གླིང་དབུས་མའི་གྲོས་ཁང་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། མཛའ་བརྩེའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་མེ་གླིང་དབུས་མའི་ས་ཁུལ་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད།

ཅ་ཞི་ཡས་བསྟན་དོན། མེ་གླིང་དབུས་མའི་གྲོས་ཁང་གིས་ཀྲུང་གོ་ཕྱོགས་དང་མཛའ་མཐུན་འབྲེལ་བ་བཙུགས་པ་དེ་ཧ་ཅང་གལ་འགངས་ཆེ་བ་དང་ཧ་ཅང་ཡང་དག་པ་ཞིག་ཡིན་པས། མེ་གླིང་དབུས་མའི་རྒྱལ་ཁབ་དག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན། མེ་གླིང་དབུས་མའི་གྲོས་ཁང་གིས་ཀྲུང་གོའི་རླབས་ཆེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་པ་དང་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་དེ་དཔྱད་གཞིར་བཟུང་ནས་དཔལ་འབྱོར་ཚོང་དོན་དང་། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས། ན་གཞོན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མེ་གླིང་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་སོགས་ཐུག་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号