ལི་ཧུང་ཀྲུང་སྐབས་བདུན་པའི་ཀྲུང་ཧྥེའི་དམངས་ཁྲོད་གླེང་སྟེགས་དང་སྐབས་བདུན་པའི་ཀྲུང་ཧྥེའི་གཞོན་ནུའི་མགོ་ཁྲིད་པའི་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་ཚེས25ཉིན་ཁྲང་ཧྲ་ནས་སྐབས་བདུན་པའི་ཀྲུང་ཧྥེའི་དམངས་ཁྲོད་གླེང་སྟེགས་དང་སྐབས་བདུན་པའི་ཀྲུང་གོའི་གཞོན་ནུའི་མའགོ་ཁྲིད་པའི་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གཙོ་དོན་གཏམ་བཤད་གནང་།

ལི་ཧུང་ཀྲུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དར་སྤེལ་གནང་བའི་ཀྲུང་ཧྥེའི་ལས་དབང་ཐུན་མོང་ཚོགས་པ་དང་ལྷག་བསམ་རྣམ་དག་གི་སྲིད་ཇུས་མིན་པའི་འདུ་ཤེས་ཀྱི་སྣེ་ཁྲིད་འོག ཀྲུང་ཧྥེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་དམངས་ཁྲོད་མི་སྣ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྲིད་ཏང་དང་དམངས་ཁྲོད་འགྲོ་འོང་གཏིང་ཟབ་ཏུ་བཏང་ནས་མཉམ་དུ་མཐུན་སྒྲིལ་ལ་སྐུལ་འདེད་དང་། མཉམ་དུ་འཕེལ་རྒྱས་ལ་ཇུས་འགོད། མཉམ་དུ་ཞི་བདེ་འཛུགས་སྐྲུན། མཉམ་དུ་ཤེས་རིག་དར་སྤེལ་བཅས་བྱས་ཏེ། རང་རང་སོ་སོའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་འགྱུར་བྱ་ཆེད་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན།

ལི་ཧུང་ཀྲུང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་གཞི་བཀོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་གྲོགས་པོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་མྱོང་ལོངས་སུ་སྤྱོད་པར་སྐུལ་འདེད་བཏང་ཡོད་ལ། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་ཤེས་དཔལ་གྲོས་འགོ་བཏོན་ནས་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་བསྟན།

ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ50ལྷག་གི་སྲིད་དྲག་དང་སྲིད་ཏང་། གཞོན་ནུའི་མགོ་ཁྲིད་པ་དང་། སྲིད་གཞུང་མིན་པའི་རྩ་འཛུགས། རིག་མཛོད་ཀྱི་འཐུས་མི་སོགས་མི200ལྷག་ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་ཕྱི་ཕྱོགས་མི་སྣས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཚད་མཐོའི་གདེང་འཇོག་བྱས་ནས། དུས་རབས་གསར་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོའི་མི་དམངས་ཀྱི་མགོ་ཁྲིད་དེ་ཐོབ་པའི་གྲུབ་འབྲས་རླབས་ཆེན་དང་ཉམས་མྱོང་རྩ་ཆེན་མཚོན་པ་དང་། ཨ་ཧྥེ་རི་ཁའི་སྲིད་ཏང་སོ་སོ་དང་དམངས་ཁྲོད་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། འདུ་ཤེས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རོགས་རམ་བྱེད་འདོད་ཡོད་ཚུལ་བསྟན།  

གླེང་སྟེགས་ཀྱི་སྐབས་སུ་ལི་ཧུང་ཀྲུང་གིས་ད་དུང་པུའུ་ལུང་ཏིས་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨིན་ཏ་པི་ལ་པེ་ལཱ་པེ་སོགས་ཕྱི་རྒྱལ་གྱི་ཚོགས་ཞུགས་འཐུས་མིར་ཐུག་འཕྲད་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号