ཝང་དབྱི་ཡིས་ཧྥ་ཐ་ཧིའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཨ་ལུའུ་ལའེ་ལ་ཐུག་འཕྲད་གནང་བ།

ཚེས23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོས《པེ་ཅིན་བསྒྲགས་གཏམ》ལ་མིང་རྟགས་མ་བཀོད་གོང་། ཧྥ་ཐ་ཧིའི་ཀྲུའུ་ཞི་གཞོན་པའམ་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཨ་ལུའུ་ལའེ་དང་ཐུག་འཕྲད་གནང་། 

ཝང་དབྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཨ་པ་སིར་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་ཤིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཁ་ཚ་དགོས་གཏུག་ཏུ་གྱུར་པའི་ལས་འགན་ནི་ཕ་ལེ་སི་ཐན་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་ཕན་ནས་མགོ་བཙུགས་ཏེ་ཕྱོགས་ཁག་སོ་སོའི་མཐུན་སྒྲིལ་ཆེན་པོ་དང་འདུམ་འགྲིག་ཆེན་པོར་སྐུལ་འདེད་བཏང་ནས། ཅ་ཧྲར་ཡུན་རིང་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། རང་བཙན་རྒྱལ་ཁབ་འཛུགས་པ། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བཅས་བྱ་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་གཏོད་རྒྱུ་དེ་རེད།

ཨ་ལུའུ་ལའེ་ཡིས་བསྟན་དོན། ཀྲུང་གོ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་གྲོགས་པོ་དང་སྤུན་ཟླ་ངོ་མ་ཡིན། ཧྥ་ཐ་ཧིས་ནུས་ཤུགས་ཡོད་རྒུས་ནང་ཁུལ་གྱི་ཕྱོགས་ཁག་སོ་སོའི་འདུམ་འགྲིག་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号