ཀྲའོ་ལེ་ཅི་ཡིས་མེ་གླིང་དབུས་མའི་གྲོས་ཚོགས་ཀྱི་གྲོས་དཔོན་ཅ་ཞི་ཡ་དང་གྲོས་མོལ་གནང་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས24ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མེ་གླིང་དབུས་མའི་གྲོས་ཚོགས་ཀྱི་གྲོས་དཔོན་ཅ་ཞི་ཡ་དང་གྲོས་མོལ་གནང་།

ཟླ7པའི་ཚེས24ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་ནས་མེ་གླིང་དབུས་མའི་གྲོས་ཚོགས་ཀྱི་གྲོས་དཔོན་ཅ་ཞི་ཡ་དང་གྲོས་མོལ་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ན་ནིང་གི་ཟླ8པར། མེ་གླིང་དབུས་མའི་གྲོས་ཁང་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ཆོད་དོན་སྤེལ་ཏེ། ཐེ་ཝན་ས་ཁུལ་གྱི་རྒྱུན་སྡོད་ལྟ་ཞིབ་པའི་གོ་གནས་རྩིས་མེད་དུ་བཏང་ནས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དེ་རྒྱུན་སྡོད་ལྟ་ཞིབ་པར་བསྡུ་ལེན་བྱས་པ་རེད། དེ་ལས་ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་རྩ་དོན་ཅིག་ཡིན་པ་དང་། མི་རྣམས་ཀྱི་བསམ་ཕྱོགས་དང་གནས་བབ་ཀྱི་འཕེལ་ཕྱོགས་དང་མཐུན་པ་ཡང་བསྐྱར་གསལ་བཤད་བྱས་ཡོད། ལོ་གཅིག་ལྷག་གི་རིང་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མེ་གླིང་དབུས་མའི་གྲོས་ཁང་བར་གྱི་བརྗེ་རེས་མཉམ་ལས་ལ་ཕན་ནུས་ལྡན་ཞིང་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མེ་གླིང་དབུས་མའི་གྲོས་ཁང་དང་མཉམ་དུ་མཉམ་ལས་ཁ་ཕྱོགས་འཆར་འགོད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་ཡུན་རིང་འཕེལ་རྒྱས་འབྱུང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། རིམ་པ་སོ་སོ་དང་ཐབས་ལམ་མང་བོའི་འགྲོ་འོང་ལ་ཤུགས་སྣོན་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དབུལ་སེལ་དབུལ་ཐར། སྐྱེ་ཁམས་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་བཅས་གནད་དུ་འཛིན་དགོས་ལ། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་དང་ལཱ་ཏེན་མེ་གླིང་གྲོས་ཁང་སོགས་ཕྱོགས་མང་རྩ་འཛུགས་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བྱེད་དགོས་ཟེར།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཐེ་ཝན་གནད་དོན་དེ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འབྲེལ་བ་ཡོད་ལ། ཀྲུང་གོའི་ཁེ་ཕན་གཙོ་བོའི་སྲོག་ཤིང་ལྟ་བུ་ཡིན། མེ་གླིང་དབུས་མའི་གྲོས་ཁང་གིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཤིང་། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ་དང་། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་བྱ་བ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།

ཀྲའོ་ལེ་ཅི་ཡིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཁོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་གྱི་འཛུགས་སྐྲུན་སོགས་གྲོས་གཞིའི་ཐད་ནས་མེ་གླིང་དབུས་མའི་གྲོས་ཁང་བར་གྱི་བརྗེ་རེས་དཔེར་ལེན་ལ་ཤུགས་སྣོན་བྱས་ཏེ། རང་རང་རྒྱལ་ཁབ་དང་ས་ཁུལ་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་འདོད་ཡོད།

ཅ་ཞི་ཡ་དང་འཐུས་ཚབ་ཚོགས་པའི་ཁོངས་མིས་བསྟན་དོན། མེ་གླིང་དབུས་མའི་ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཀྲུང་གོའི་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དེ་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད། མེ་གླིང་དབུས་མའི་གྲོས་ཁང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་དང་ལོ་རྒྱུས་རིང་བའི་རིག་གནས་ལ་སློབ་སྦྱོང་བྱས་ཏེ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་། ས་ཁུལ་དེའི་རྒྱལ་ཁབ་དང་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རོགས་འདེགས་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད།

ཀྲང་ཆིན་ཝེ་གྲོས་མོལ་ལ་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号