ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་བཤད་དོན། 

ཚེས24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

གསར་འགོད་པ་ཞིག་གིས། ཨ་རིའི་མཁས་དབང་ཀེ་ལའེ་དབྱིས་ཉིན་ཤས་གོང་རྩོམ་ཡིག་སྤེལ་ནས། ཨ་རིའི་སྲིད་གཞུང་གིས་ངོགས་གཉིས་བློས་འགེལ་ཆོག་པའི“གསང་བའི་འབྲེལ་གཏུག་བྱེད་ལམ”འཛུགས་རྒྱུའི་སྐུལ་ལྕག་བྱས་ཏེ་བརྡར་ཤ་གཅོད་ནོར་མི་ཤོར་བར་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། ཐའེ་ཝན་སྐམ་ས་ཨུ་ལྷན་གྱིས“ངོགས་གཉིས་ཀྱི་འབྲེལ་གཏུག་གྲོས་མོལ་ལམ་སྲོལ་ཧ་ཅང་ཆ་ཚང་པོ་ཡོད། ངོགས་གཉིས་འབྲེལ་གཏུག་བྱེད་མིན་ཚང་མ་སྐམ་ས་ཆེན་མོར་རག་ལས་ཡོད་ཅེས་བཤད་པ་འདིའི་ཐད་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལན་གྱིས། ཚང་མས་ཤེས་གསལ་ལྟར། “1992ལོའི་ཐུན་མོང་ངོས་འཛིན་”ནི་ངོགས་གཉིས་བར་འབྲེལ་གཏུག་དང་གླེང་མོལ། གྲོས་མོལ་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་རེད། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་“ཐའེ་ཝན་རང་བཙན་”གྱི་ཁ་བྲལ་ལངས་ཕྱོགས་མཁྲེགས་བཟུང་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“1992ལོའི་ཐུན་མོང་གི་ངོས་འཛིན”ཁས་མི་ལེན་པ་དེ་ནི་ངོགས་གཉིས་ལམ་ལུགས་ཅན་གྱི་འབྲེལ་གཏུག་དང་གྲོས་མོལ་བྱེད་མཚམས་བཞག་པའི་རྩ་བའི་རྒྱུ་རྐྱེན་དང་གནད་འགག་རེད། ཀྲུང་གོ་གཅིག་གི་རྩ་དོན་ཁས་བླངས་ཏེ“1992ལོའི་ཐུན་མོང་ངོས་འཛིན་”གྱི་ཆབ་སྲིད་རྨང་གཞིའི་ཐོག་ལོག་ཚེ། ངོགས་གཉིས་བར་སྐད་ཆ་ཤོད་རེས་དང་འགྲོ་འོང་བྱེད་པར་འགོག་རྐྱེན་ཡོང་མི་སྲིད། སྟོན་དགོས་པ་ཞིག་ནི། ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་མཚོ་འགག་ངོགས་གཉིས་ཀྱི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པས། ཕྱི་ཕྱོགས་ལ་ཇུས་གཏོགས་མེད་ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号