ལི་ཆང་གིས་ཐེན་ཅིན་དུ་རྟོག་ཞིབ་གནང་སྐབས་ཧུར་ཐག་གིས་གསར་སྐྲུན་འཚོལ་ཞིབ་དང་སྒུལ་ཤུགས་གསོན་ཤུགས་སྐུལ་སྤེལ་བྱས་ནས་སྔར་ལས་ལྷག་པར་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ7པའི་ཚེས22ཉིན་ཐེན་ཅིན་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་ལས་འགན་སོ་སོ་དངོས་འབེབས་བྱེད་པ་དང་། ཤུགས་ཆེན་པོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། ཧུར་ཐག་གིས་གསར་སྐྲུན་འཚོལ་ཞིབ་དང་སྒུལ་ཤུགས་གསོན་ཤུགས་སྐུལ་སྤེལ་བྱས་ནས། སྔར་ལས་ལྷག་པར་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

ཟླ7པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐེན་ཅིན་དུ་རྟོག་ཞིབ་གནང་། པར་འདི་ནི་ལི་ཆང་གིས་ཐེན་ཁའེ་མཐོ་རིམ་སློབ་གསོ་ཚན་རྩལ་གསར་གཏོད་གླིང་གི་ལྟེ་གནས་ཁུལ་དུ་མཚམས་སྦྱོར་ལ་མཉན་བཞིན་པའི་ཚུལ་རེད། 

ལི་ཆང་ཐོག་མར་ཐེན་ཁའེ་མཐོ་རིམ་སློབ་གསོའི་ཚན་རྩལ་གསར་གཏོད་གླིང་གི་ལྟེ་གནས་ཁུལ་དུ་ཕེབས་ནས། ཚན་རྩལ་གསར་གཏོད་གླིང་འཛུགས་སྐྲུན་གཉེར་སྐྱོང་གི་ངོ་སྤྲོད་ལ་གསན་ཏེ། ཚན་རིག་ཞིབ་འཇུག་མི་སྣ་དང་ཚན་རྩལ་དངུལ་རྩའི་སྒྲིག་གཞི། ལས་སྐྲུན་ཀུང་ཟིའི་འགན་འཁུར་བ་བཅས་དང་མཉམ་དུ་དགོངས་འཆར་བརྗེ་རེས་བྱས་ནས། ཚན་རྩལ་གསར་གཏོད་ཞབས་ཞུའི་སྐྱེ་ཁམས་བསྐྲུན་པ་དང་གྲུབ་འབྲས་ཞིབ་འཇུག་གསར་སྤེལ་ཚུལ་སྒྱུར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ལི་ཆང་གིས་གསུང་རྒྱུར། སྒུལ་བྱེད་འཕྲུལ་འཁོར་གསར་པ་སྐྱེད་སྲིང་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་བཅོས་སྒྱུར་གསར་གཏོད་ལ་ཐུག་ཡོད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ། སློབ་གསོ་དང་ཚན་རྩལ་འཇོན་མིའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཅན་གྱི་བཅོས་སྒྱུར་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། སྔར་ལས་ཕན་ནུས་ལྡན་པ་དང་སྔར་ལས་ཡིད་དབང་འགུག་ཤུགས་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་བསྐྲུན་དགོས། སྲིད་ཇུས་དང་མ་དངུལ། ཚན་རིག་ཞིབ་འཇུག་གི་ཐོན་ཁུངས་སོགས་ཀྱི་ཐད་ནས་ཚན་རིག་ལག་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་དང་ཚན་རིག་ཞིབ་འཇུག་མི་སྣར་སྐུལ་མ་གཏོང་རྒྱུར་སྔར་ལས་ཤུགས་བསྣན་ཏེ། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་སྔར་ལས་གང་མང་ཚུལ་སྒྱུར་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་ཀྱིས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཟླ7པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐེན་ཅིན་དུ་རྟོག་ཞིབ་གནང་། པར་འདི་ནི་ལི་ཆང་གིས་པིན་ཧའེ་ཁུལ་གསར་གྱི་ཨའོ་ཏི་ཟི་གློག་སྐས་ཚད་ཡོད་ཀུང་ཟི་ནས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གནས་ཚུལ་ལ་རྒྱུས་ལོན་གནང་བའི་ཚུལ་རེད། 

ལི་ཆང་པིན་ཧའེ་ཁུལ་གསར་དུ་ཕེབས་ནས། ཨའོ་ཏི་ཟི་གློག་སྐས་ཚད་ཡོད་ཀུང་ཟི་རུ། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གནས་ཚུལ་ལ་རྒྱུས་ལོན་དང་རིག་ནུས་བཟོ་སྐྲུན་ཐོན་སྐྱེད་སྒྲུབ་རིམ་ལ་ལྟ་སྐོར་བྱས་ཏེ། ཐོན་རྫས་ཀྱི་བདེ་འཇགས་ཚད་གཞི་དང་བེད་སྤྱོད་དུས་བཀག་སྐོར་ནས་འདྲི་རྩད་ཞིབ་མོ་གནང་། ལི་ཆང་གིས་ཐེན་ཅིན་ཧུང་ཞིན་འཛུགས་སྐྲུན་འཕེལ་རྒྱས་བོགས་གཏོང་ཚད་ཡོད་ཀུང་ཟི་རུ། ཀུང་ཟིའི་ལས་སྒོ་གཉེར་སྐྱོང་དང་མ་དངུལ་བསྡུ་རུབ་བོགས་གཏོང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན། ལི་ཆང་གིས་བསྟན་དོན། བཅོས་སྒྱུར་གྱི་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ་དང་། རིག་ནུས་བཟོ་སྐྲུན་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ། ཡུལ་རྣམ་བེད་སྤྱོད་སྣེ་ཁྲིད་དུ་འཛིན་པ། ཁེ་ལས་ཀྱིས་མིས་བཟོས་རིག་ནུས་གསར་གཏོད་བེད་སྤྱོད་ཁྱབ་བརྡལ་གཏོང་རྒྱུར་རྒྱབ་སྐྱོར་གང་ལེགས་བཅས་བྱས་ནས། ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ཁེ་ལས་དང་ཐོན་རྫས་སྔར་ལས་གང་མང་གཅིག་རྗེས་གཉིས་མཐུད་ངང་ཐོན་ཐུབ་པར་འབད་དགོས། མ་དངུལ་བསྡུ་རུབ་དང་བོགས་གཏོང་སོགས་དངུལ་རྩའི་ཡོ་བྱད་གསར་གཏོད་དང་བེད་སྤྱོད་བྱས་ཏེ། དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་སྔར་ལས་གང་ལེགས་ཞུས་ནས། ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

རྟོག་ཞིབ་ཁྲོད། ལི་ཆང་གིས་པིན་ཧའེ་ཁུལ་གསར་གྱི་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་སྙན་ཞུར་མཉན། ཁོང་གིས་ནན་གྱིས་བསྟན་དོན། པིན་ཧའེ་ཁུལ་གསར་ནི་ཐེན་ཅིན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་འདྲེན་ཞིག་ཡིན་ལ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། ཁྱད་པར་དུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བཅོས་སྒྱུར་དང་དངུལ་རྩའི་གསར་གཏོད་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སོགས་ཀྱི་ཐད་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ཏེ། གནད་འགག་གི་ཚོད་འཛིན་ལས་བརྒལ་བར་འབད་དགོས། ལེགས་ཆ་འདོན་སྤེལ་དང་ཁྱད་ཆོས་མངོན་གང་ཐུབ་བྱས་ནས། གྲུ་ཁ་དང་ཐོན་སྐྱེད་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་བཏང་ནས། གྲུ་ཁའི་མཚོ་ཐོག་སྐྱེལ་འདྲེན་གྱི་ཁྱབ་འགྱེད་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་། ཐོན་ལས་རིམ་སྤོར་གྱི་སྦས་ཤུགས་ཆེན་པོ་སྔར་ལས་སྐུལ་སྤེལ་བཅས་བྱས་ཏེ། སྐྱེ་ཁམས་གྲོང་ཁྱེར་གྱི་སྡོད་འོས་པའི་ཡིད་དབང་འཕྲོག་ཤུགས་སྔར་ལས་མངོན་པར་བྱེད་དགོས། མཉམ་འགུལ་དང་ཐོན་ཁུངས་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། པེ་ཅིན་དང་ཧི་པེ་སོགས་ས་ཁུལ་གྱི་སྲིད་ཇུས་འབྲེལ་མཐུད་དང་ལས་གཞི་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་འགྱུར་ལྡོག་དང་ལེན་གང་ལེགས་བཅས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས།

ལི་ཆང་གིས་ཐེན་ཅིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཐེན་ཅིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེན་ཅིན་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མཁྲེགས་གཏོར་དཀའ་སེལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་དགོས་པའི་རེ་བ་བཏོན།

ཁྲིན་སྨིན་ཨར་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号