ཝང་དབྱི་ཡིས་འཇར་པན་རང་དབང་དམངས་གཙོ་ཏང་གི་སྤྱི་གཉེར་ཚོགས་གཙོ་སིན་ཧྲན་ཡུས་ལ་ཐུག་འཕྲད་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཚེས23ཉིན་པེ་ཅིན་དུ་འཇར་པན་རང་དབང་དམངས་གཙོ་ཏང་གི་སྤྱི་གཉེར་ཚོགས་གཙོ་སིན་ཧྲན་ཡུས་ལ་ཐུག་འཕྲད་གནང་།

ཝང་དབྱི་ཡིས་བསྟན་དོན། ན་ནིང་གི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཨན་ཐེན་གྱིས་ཅིའུ་ཅིན་ཧྲན་དུ་ཐུག་འཕྲད་གནང་ནས། ཡང་བསྐྱར་ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བའི་ངེས་གནས་གཏན་ཁེལ་བྱས་ཤིང་། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་འཛུགས་སྐྲུན་རང་བཞིན་དང་གཏན་འཇགས་ཀྱི་ཀྲུང་འཇར་འབྲེལ་བ་འཛུགས་པར་འབད་བརྩོན་བྱས་པ་རེད། ད་ལྟའི་འཛམ་གླིང་དེ་ཟང་ཟིང་འགྱུར་ལྡོག་གི་དུས་སྐབས་སུ་བསྐྱོད་ཡོད་པ་དང་། ཀྲུང་འཇར་གཉིས་ནི་ཨེ་ཤེ་ཡ་གླིང་དང་འཛམ་གླིང་གི་རྒྱལ་ཁབ་གཙོ་བོ་ཡིན་པའི་ཆ་ནས་ཕྱར་བ་གྲུ་འདེགས་བྱེད་འོས།

ཝང་དབྱི་ཡིས་ཧྥུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པ་དང་། ཐའེ་ཝན་གནད་དོན་སོགས་ཀྱི་ཐད་ནས་ཀྲུང་གོའི་ལངས་ཕྱོགས་དང་ཐུགས་ཁུར་གནད་དོན་གསལ་བཤད་གནང་།

སིན་ཧྲན་ཡུས་ཀྱིས་བསྟན་དོན། ལོ་ངོ6གི་རྗེས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པ་ན། ཀྲུང་གོའི་མགྱོགས་མྱུར་འཕེལ་རྒྱས་དང་དཔལ་འབྱོོར་གྱི་སྟོབས་ཤུགས་ལ་མྱོང་ཚོར་ཟབ་མོ་སྐྱེས་བྱུང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་ལ་གཞིགས་ཏེ། མུ་མཐུད་དུ་ཀྲུང་གོའི་བརྗེ་རེས་ལ་ཤུགས་སྣོན་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号