ཞི་ཅིན་ཕིང་གིས་ཁ་ཅ་མའེ་ལ་གློག་འཕྲིན་བཏང་ནས་ལུའུ་ཝང་ཏའི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས་པ།

ཟླ7པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ལའོ་ཁ་ཅ་མའེ་ལ་གློག་འཕྲིན་བཏང་ནས། ཁོ་རང་ལུའུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ལུའུ་ཝང་ཏ་ནི་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་གྱི་རྒྱལ་ཁབ་ཡིན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས་ནས། སྲོལ་རྒྱུན་མཛའ་བརྩེ་མུ་མཐུད་དུ་གཏིང་ཟབ་དུ་ཕྱིན་ཡོད། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ། སྔར་ལས་ལྷག་པར་ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་གཏིང་ཟབ་དུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་རྒྱ་བསྐྱེད་དང་གཏིང་ཟབ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བར་སྙེག་པར་སྐུལ་འདེད་གཏོང་འདོད་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号