ལོ་སྟོད་ལ་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི698གསར་སྣོན་བྱུང་བ།

གསར་འགོད་པས་ཚེས23ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བསྡུས་པའི2024ལོའི་དུས་ཚིགས་གཉིས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཟླ1པོ་ནས་ཟླ6པའི་བར་དུ། རྒྱལ་ཡོངས་ཀྱི་མཁར་གྲོང་ལས་ཞུགས་མི་གྲངས་ཁྲི698གསར་སྣོན་བྱུང་བ་དང་། དུས་མཉམ་ལས་མི་ཁྲི20ཇེ་མང་དུ་སོང་ལ། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི58%ལེགས་འགྲུབ་བྱུང་ཡོད། ལས་ཤོར་ཚད་ཅུང་དམའ་བ་དང་། ཟླ6པར་མཁར་གྲོང་གི་ལས་ཤོར་བྱུང་ཚད5.0%དང་། དུས་མཉམ་ལས་བརྒྱ་ཆའི་ཚེག0.2མར་ཆག་པ་དང་། སྔོན་དཔག་གི་ཚོད་འཛིན་དམིགས་ཚད་ལས་དམའ།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་ཞུགས་སྐུལ་འདེད་སིའི་སི་ཀྲང་གཞོན་པ་ཡུན་ཏུང་ལའེ་ཡིས་ཁྱབ་སྒྲོག་ཚོགས་འདུའི་སྟེང་བསྟན་དོན། ལོ་སྟོད་དུ་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་རྒྱུན་འཁྱོངས་བྱས་པ་ནི་དཔལ་འབྱོར་བསྐྱར་འཕར་དང་ཇེ་ལེགས་སུ་ཕྱིན་པ་དང་། ཞབས་ཞུའི་འཛད་སྤྱོད་རྒྱུན་མཐུད་ངང་འཕར་བ། བཟོ་ལས་འཕར་སྣོན་ཅུང་མགྱོགས་པ། ལྷག་པར་དུ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་ཇེ་མགྱོགས་སུ་སོང་བ། སྔོན་ཐོན་སྒྲིག་ཆས་དང་རྒྱུ་ཆ་གསར་པ་སོགས་བཟོ་སྐྲུན་ལས་རིགས་ཀྱི་དགོས་མཁོ་གློད་གྲོལ་བྱུང་བ་བཅས་ཀྱིས་རྐྱེན་ཡིན་ཟེར།

ད་ལོ་ནས་བཟུང་རང་རྒྱལ་གྱིས་ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པ་དང་། ལོ་སྟོད་དུ་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་གྱི་གྲོན་ཚད་ཇེ་དམའ་རུ་བཏང་བ་དེས་ཁེ་ལས་ཀྱི་མ་གནས་སྒོར་དུང་ཕྱུར859ཇེ་ཉུང་དུ་ཕྱིན་ནས། ཁེ་ལས་ཀྱི་ལས་མི་བརྟན་པོ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་བལྟས་ན། ཞིང་པ་ལས་མིའི་ལས་ཞུགས་བརྟན་བརླིང་ངང་ཡར་རྒྱས་ཕྱིན་པ་དང་། ཟླ6པའི་ཟླ་མཇུག་ཏུ་དབུལ་ཐར་མི་གྲངས་ཁྲི3000ལས་བརྒལ་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号