ཏིན་ཞུའེ་ཞང་གིས་ཨུ་རུ་སུའི་ཙུང་ལི་གཞོན་པ་ནོ་ཝ་ཁོ་དང་མཉམ་དུ་ཀྲུང་ཨུ་དངུལ་གཏོང་མཉམ་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཅིག་པར་མགོ་འཛིན་གནང་བ།

ཟླ7པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲེིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཏིན་ཞུའེ་ཞང་གིས་ཨུ་རུ་སུའི་ཙུང་ལི་གཞོན་པ་ནོ་ཝ་ཁོ་དང་གྲོས་མོལ་གནང་སྟེ། མཉམ་དུ་ཀྲུང་ཨུ་དངུལ་གཏོང་མཉམ་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཅིག་པར་མགོ་འཛིན་གནང་།

ཏིན་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱི་ནུས་ཁུངས་མཉམ་ལས་ལ་ཕྱོགས་ཡོངས་དང་ཁྱབ་ཁོངས་ཆེ་བ། གཏིང་ཟབ་པ། ཆུ་ཚད་མཐོ་བ་བཅས་ཀྱི་མཉམ་ལས་ཆགས་ཡོད། ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་གྱི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་འདོད་ཡོད་ཅེས་བསྟན།

ཏིན་ཞུའེ་ཞང་གིས་ཀྲུང་ཨུའི་ནུས་ཁུངས་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་འགོ་བཞི་བཏོན་ཡོད་དེ། གཅིག་ནི་སྟོད་སྨད་དང་སྨད་རྒྱུད་གཞི་གཅིག་ཅན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ནུས་ཁུངས་མཉམ་ལས་རྒྱུན་མཐུད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་གཏོང་དགོས། གཉིས་ནི་ནུས་ཁུངས་མཉམ་ལས་ཀྱི་སྲིད་ཇུས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ནུས་རྒྱུའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་གཉེར་སྐྱོང་བྱ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་ནས་ནུས་ཁུངས་མཉམ་ལས་ཀྱི་བར་སྟོང་གསར་པ་ཧུར་ཐག་གིས་བསྐྲུན་རྒྱུ་དང་། སླར་སྐྱེ་ཐུབ་པའི་ནུས་ཁུངས་དང་ནུས་ཁུངས་ལག་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་དགོས།བཞི་ནི་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བཅོས་སྐྱོང་འཐབ་ཇུས་རོགས་ལས་ལ་ཤུགས་བསྣན་ནས་འཛམ་གླིང་ནུས་ཁུངས་ཁྲོམ་ར་ཡུན་རིང་སྐྱོན་བྲལ་དང་བརྟན་བརླིང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་བྱས་རྗེས་ཆེན་པོ་འཇོག་དགོས།

ནོ་ཝ་ཁེ་ཡིས་ཨུ་རུ་སུ་དང་ཀྲུང་གོའི་ནུས་ཁུངས་མཉམ་ལས་ཐད་ཉེ་བའི་ལོ་འགའི་རིང་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། གྲུབ་འབྲས་མངོན་གསལ་ཐོབ་པས། རྒྱལ་ཁབ་གཉིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཨུ་རུ་སུའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བའི་སྒོ་ནས་ནུས་ཁུངས་མཉམ་ལས་རྒྱ་བསྐྱེད་པ་དང་། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱ་དགོས་ཞེས་བསྟན།

ཚོགས་འདུའི་རིང་ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས། རྡོ་སོལ། ཉིང་རྡུལ་ནུས་པ། སླར་སྐྱེ་ཐུབ་པའི་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་གསེད་བཀྲོལ་བྱས་པས། གོམ་སྟབས་རྗེས་མའི་འཆར་འགོད་ནང་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་ཡོད།

གྲོས་ཚོགས་རྗེས་སུ་ཏིན་ཞུའེ་ཞང་དང་ནོ་ཝ་ཁོ་ཡིས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་མཉམ་དུ་མིང་རྟགས་བཀོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号