པར་རིས་གསར་འགྱུར།

ཉེ་སྔོན། གསར་འགོད་པ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཁྱུང་རྒྱ་བོད་རིགས་ཞང་ཧྲང་ཅོན་སྡེ་བའི་མཚོ་སྔོན་ཤྭ་ཁྲ་གསོ་སྤེལ་རྟེན་གཞིར་སོང་ཞིང་། ཤྭ་ཁྲ་སྟོང་ཕྲག་མང་པོས་གནས་དེ་ལ་འགུག་ཤུགས་ཀྱིས་ཁེངས་པར་བྱས་འདུག་པ་མཐོང་། 2022ལོར་གསོ་སྤེལ་རྟེན་གཞི་དེ་བཙུགས་པ་ནས་བཟུང་། ཤྭ་ཁྲའི་གསོ་སྤེལ་ནི་ཁྱུང་རྒྱ་ཞང་གི་ཕྱུག་བསྒྱུར་ཐབས་ལམ་ཞིག་ཏུ་གྱུར། ཁྱུང་རྒྱ་ཞང་གིས་ས་བབ་ཀྱི་དགེ་མཚན་འདོན་སྤེལ་བྱས་ཤིང་། ཤར་ནུབ་མཐུན་སྦྱོར་ལ་བརྟེན་ནས་ཤྭ་ཁྲའི་སྐྱེ་ཁམས་གསོ་སྤེལ་དང་དེ་འབྲེལ་གྱི་ཐོན་རྫས་ལས་སྣོན་བྱས་པས། ས་གནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་མ་ཟད། གྲོང་གསེབ་དར་སྤེལ་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཐུབ་པར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号