རྒྱལ་ཁབ་ཆོས་ལུཊ་ལས་དོན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་འདིར་་་་་་

2024ལོའི་ཟླ7པའི་ཚེས23ཉིན་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཚུའེ་མའོ་ཧུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཚུའེ་མའོ་ཧུའུ་ལ་ལྐོག་རྔན་བླངས་པའི་ཉེས་པ་བསགས་པས་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་བྱ་རྒྱུ་དང་འབྲེལ་མི་དམངས་ཤོག་སྒོར་ཁྲི150ཡི་ཆད་པ་གཅོད་རྒྱུ་དང་། སྒོ་ཐེལ་བརྒྱབ་ཅིང་བཀག་ཉར་བྱས་པའི་ཚུའེ་མའོ་ཧུའུ་ཡི་ཉེས་གསོག་ལས་ཐོབ་པའི་རྒྱུ་ནོར་དང་དེ་ལས་སྐྱེད་འཕེལ་བྱུང་བའི་རིགས་ཁྲིམས་ལྟར་བདའ་འདེད་བཏང་ནས་རྒྱལ་མཛོད་ལ་གོང་འབུལ་བྱ་རྒྱུ། མི་འདང་བའི་ཆ་མུ་མཐུད་དུ་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།

ཞིབ་གཅོད་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། 2007ལོ་ནས2023ལོའི་བར། ཞུ་སྦྱོར་ཕྱི་མ་ཚུའེ་མའོ་ཧུའུ་ཡིས་ཡུན་ནན་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་། ལི་ཅང་གྲོང་ཨུད་ཀྱི་ཧྲུའུ་ཅི། ཡུན་ནན་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་སོགས་ཀྱི་གོ་གནས་ཐོག་གི་སྟབས་བདེ་དང་། དེ་བཞིན་འགན་དབང་ངམ་ཡང་ན་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ་མི་གཞན་ལ་ལས་གྲྭའི་སྒྲུབ་འགན་ལེན་པ་དང་། གྲོན་དངུལ་གཏོང་སྤྲོད། ལས་བྱེད་པ་བསྐོ་འཐེན་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་པ་དང་། ཁྲིམས་འགལ་ངང་འབྲེལ་ཡོད་མི་སྣས་སྤྲད་པའི་རྒྱུ་ནོར་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི1043ཟིན་ཡོད།

ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་ཚུའེ་མའོ་ཧུའུ་ཡི་བྱ་སྤྱོད་ཀྱིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་དང་། ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་མང་བས་ཁྲིམས་ལྟར་ཆད་པ་གཅོད་དགོས། ཚུའེ་མའོ་ཧུའུ་ཁྲིམས་ལ་སྦྱར་རྗེས་རང་ཉེས་ངོས་ལེན་ཇི་མ་ཇི་བཞིན་ཞུས་པ་དང་རང་འགུལ་ངང་ལྟ་ཞིབ་ལས་ཁུངས་ཀྱིས་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་དོན་དངོས་ཁག་གཅིག་རྩིས་སྤྲོད་བྱས་པ་མ་ཟད། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་ཡོད། ལྐོག་རྔན་བླངས་པའི་དངུལ་དང་རྒྱུ་དངོས་ཁག་གཅིག་བདའ་འདེད་བཏང་ནས་ལག་སོན་བྱུང་བས། ཁྲིམས་བཀོད་བབ་བསྟུན་གྱིས་ཁྲིམས་ཆད་ཡང་པོ་བཅད་ཆོག་པའི་གནས་ཚུལ་ཡོད་ཕྱིན། ཁྲིམས་ལྟར་ཁོ་པར་ཁྲིམས་ཆད་ཡང་པོ་བཅད་ཆོག་པའི་ངོས་འཛིན་བྱས་ཡོད། ཁྲིམས་ར་ནས་གོང་གསལ་ཁྲིམས་ཐག་བཅད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号