ཞི་ཅིན་ཕིང་གིས་ཝ་ནུའོ་ཨ་ཐུའུ་ཡི་ཙུང་ལི་ས་ཨར་ཝེ་ལ་ཐུག་འཕྲད་གནང་།

ཟླ7པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཝ་ནུའོ་ཨ་ཐུའུ་ཡི་ཙུང་ལི་ས་ཨར་ཝེ་ལ་ཐུག་འཕྲད་གནང་།

ཟླ7པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཝ་ནུའོ་ཨ་ཐུའུ་ཡི་ཙུང་ལི་ས་ཨར་ཝེ་ལ་ཐུག་འཕྲད་གནང་།

ཟླ7པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཝ་ནུའོ་ཨ་ཐུའུ་ཡི་ཙུང་ལི་ས་ཨར་ཝེ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་ས་ཨར་ཝེ་ཡིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཝ་ནུའོ་ཨ་ཐུའུ་ཡི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཝ་ནུའོ་ཨ་ཐུའུ་ནི་ཀྲུང་གོའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་གྲོགས་པོ་དང་སྤུན་ཟླ་བཟང་བོ་ཡིན། ཀྲུང་གོ་དང་ཝ་ནུའོ་ཨ་ཐུའུ་བར་འབྲེལ་བ་བཙུགས་ནས་ལོ་ངོ42འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་ཅིང་། ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ནས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཝ་ནུའོ་ཨ་ཐུའུ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཝ་ནུའོ་ཨ་ཐུའུ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། ཕྱོགས་ཡོངས་ཀྱི་གྲོགས་པོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ལག་གདང་སྦྲེལ་ནས་དུས་རབས་གསར་བའི་ཀྲུང་གོ་དང་ཝ་ནུ་ཨ་ཐུའུ་ཡི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝ་ནུའོ་ཨ་ཐུའུ་ཕྱོགས་བར་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པ། འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ། རྨང་གཞིའི་སྒྲིག་ཆས་དང་ཉོ་ཚོང་དངུལ་གཏོང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་ཁེ་ལས་དག་ཝ་ནུའོ་ཨ་ཐུའུ་རུ་སོང་ནས་དངུལ་གཏོང་མམ་ལས་བྱེད་པར་སྐུལ་མ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཝ་ནུའོ་ཨ་ཐུའུ་ལ་ཆབ་སྲིད་ཀྱི་ཆ་རྐྱེན་ཅི་ཡང་མེད་པའི་དཔལ་འབྱོར་ལག་རྩལ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཝ་ནུའོ་ཨ་ཐུའུ་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་དུ་བསྐྱོད་པར་རོགས་འདེགས་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་མིན་པ་རྒྱུན་འཁྱོངས་བྱེད་པ་དང་། དྲང་བདེན་དང་ཁེ་ཕན་མཉམ་འཛིན་དང་དྲང་བདེན་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཆེན་མོའི་འགྲན་རྩོད་མི་བསམ་པ་དང་ས་ཁུལ་བར་གྱི་སྟོབས་ཤུགས་ཁྱབ་ཁོངས་མི་བསམ་ལ། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་མ་ཟད་རྒྱལ་ཁབ་གཞན་པས་ལངས་ཕྱོགས་གདམ་གསེས་བྱེད་པར་བཙན་སྐུལ་མི་བྱེད་པར། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། འདྲ་མཉམ་དང་དྲང་བདེན་གྱི་ཕྱོགས་སུ་ལངས་ངེས་ཡིན། ཀྲུང་གོ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་ཞི་བདེ་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་འབྱུང་བའི་སྐུལ་འདེད་གཏོང་མཁན་དང་བྱས་རྗེས་འཇོག་མཁན་ཡིན། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདེམ་ཤོག་དེ་ནམ་ཡང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་དབང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཕྱོགས་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་མཐོང་ཆེན་བྱེད་ལ། མུ་མཐུད་དུ་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོའི་ལེགས་བཅོས་བཅས་ཀྱི་ཐད་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་འདོན་སྤྲོད་བྱས་ནས། གླིང་ཕྲན་རྒྱལ་ཁབ་ཀྱིས་རང་བདག་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད།

ས་ཨར་ཝེ་ཡིས་བསྟན་དོན། ཝ་ནུའོ་ཨ་ཐུའུ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ42འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་མགོ་ཁྲིད་འོག ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་། རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་གཏན་འཇགས་སྲུང་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཝ་ནུའོ་ཨ་ཐུའུ་ཕྱོགས་ཀྱིས་དེར་ཡིད་སྨོན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་གཞི་ཆེན་མོ་གསུམ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དེ་རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལག་བསྟར་བྱེད་པ་དང་། ཝ་ནུའོ་ཨ་ཐུའུ་ལྟ་བུའི་རྒྱལ་ཁབ་ཆུང་ངུར་འདྲ་མཉམ་གྱི་ལྟ་སྟངས་བཟུང་ཡོད་པས། འདྲ་མཉམ་དང་བརྩི་འཇོག་མངོན་པར་མཚོན་ཡོད། ཝ་ནུའོ་ཨ་ཐུའུ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པར་འདོད་ཡོད་ལ། ཀྲུང་གོའི་སྲིད་གཞུང་གི་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་བྱ་བ་གང་རུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཞིན་ཅང་དང་བོད། ཞང་ཀང་བཅས་ལ་འབྲེལ་བའི་འགྲོ་མིའི་ཐོབ་ཐང་དང་ལྷོ་ཕྱོགས་རྒྱ་མཚོ་སོགས་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཝ་ནུའོ་ཨ་ཐུའུ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་ལ་སློབ་སྦྱོང་དཔེར་ལེན་བྱེད་པ་དང་། ཀྲུང་གོའི་བར་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད། ཝ་ནུའོ་ཨ་ཐུའུ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཕྱོགས་མང་རོགས་ཇེ་ཟབ་ཏུ་བཏང་ནས། ཝ་ནུའོ་ཨ་ཐུའུ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝ་ནུ་ཨ་ཐུའུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་སྒྲོག་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྤུས་འདེགས་རིམ་འཕར་བྱས་ཏེ་དུས་རབས་གསར་བའི་ཀྲུང་གོ་དང་ཝ་ནུ་ཨ་ཐུའུ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཡིད་འཐད་བྱུང་།

ཝང་དབྱི་ཐུག་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号