ཏིན་ཞུའེ་ཞང་གིས་གོ་ལ་ཧྲིལ་པོའི་མཉམ་སྤྱོད་འཕེལ་རྒྱས་འགུལ་སྐྱོད་གླེང་སྟེགས་སྐབས་གཉིས་པའི་རིམ་མཐོའི་ཚོགས་འདུར་ཞུགས་མཁན་གྱི་ཕྱི་ཕྱོགས་ཀྱི་འཐུས་མི་ལ་མཉམ་དུ་ཐུག་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིན་དུ་གོ་ལ་ཧྲིལ་པོའི་མཉམ་སྤྱོད་འཕེལ་རྒྱས་འགུལ་སྐྱོད་གླེང་སྟེགས་སྐབས་གཉིས་པའི་རིམ་པ་མཐོ་བའི་ཚོགས་འདུར་ཞུགས་མཁན་གྱི་ཕྱི་ཕྱོགས་ཀྱི་འཐུས་མིར་མཉམ་དུ་ཐུག་འཕྲད་གནང་།

ཟླ7པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིན་དུ་གོ་ལ་ཧྲིལ་པོའི་མཉམ་སྤྱོད་འཕེལ་རྒྱས་འགུལ་སྐྱོད་གླེང་སྟེགས་སྐབས་གཉིས་པའི་རིམ་པ་མཐོ་བའི་ཚོགས་འདུར་ཞུགས་མཁན་གྱི་ཕྱི་ཕྱོགས་ཀྱི་འཐུས་མིར་མཉམ་དུ་ཐུག་འཕྲད་གནང་།

ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞིབཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ཏུ་རྒྱབ་སྐྱོར་དང་ཧུར་ཐག་སྒོས་དང་ལེན་བྱེད་ཀྱིན་ཡོད། ཉེ་བའི་ལོ་གསུམ་རིང་ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཀྱི་དཀའ་གནད་མཉམ་དུ་སེལ་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཏོད་པ། སྒོ་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བརྒྱུད་རིམ་ཁྲོད་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་འདོད་ཡོད།

ཚོགས་འདུར་ཞུགས་མཁན་ཕྱི་ཕྱོགས་ཀྱི་འཐུས་མིས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིར་བསྒྲུབ་པའི་ཚོགས་འདུར་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པར་ཚད་མཐོའི་བསྔགས་བརྗོད་གནང་བར་མ་ཟད། མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཇེ་མགྱོགས་སུ་གཏོང་ཆེད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号