ནོར་སྲིད་པུའུ་ཡིས2024ལོའི་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩའི་ཁ་གསབ་ས་གནས་རྣམ་གྲངས་ཀྱི་སྔོན་རྩིས་མ་དངུལ་གཤམ་སྤྲོད་བྱས་པ།

ནོར་སྲིད་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་ཀྱིས་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་དང་། ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་དུ་གཏོང་བར་ཤུགས་བསྣན་ནས། ཡུལ་སྐོར་ལས་རིགས་ཀྱི་ཚུལ་སྒྱུར་རིམ་འཕར་དང་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་དང་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད། ནོར་སྲིད་པུའུ་ཡིས་ཉེ་ལམ་ས་གནས་སོ་སོའི2024ལོའི་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩའི་ཁ་གསབ་ས་གནས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི96729གཤམ་སྤྲོད་བྱས་པ་དང་། དུས་མཉམ་དུ་རྣམ་གྲངས་མ་དངུལ་གྱི་སྤྱི་བའི་བྱས་འབྲས་དམིགས་འབེན་འགྲེམ་གཏོང་བྱས་ནས། མ་དངུལ་བེད་སྤྱོད་ཀྱི་ཁ་ཕྱོགས་དང་བྱས་འབྲས་དམིགས་ཚད་སོགས་ལ་བླང་བྱ་གསལ་བོ་བཏོན་ཡོད།

སྔོན་རྩིས་བཀོད་སྒྲིག་ལྟར་ན། སི་ཁྲོན་དང་ཀོང་ཞི། ཧྲན་ཏུང(ཆིང་ཏའོ་མི་འདུས) ཞིང་ཆེན་གསུམ་ལ་རྣམ་གྲངས་མ་དངུལ་གྱི་སྔོན་རྩིས་ཐོབ་གྲངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སོ་སོར་སྒོར་ཁྲི7683དང་སྒོར་ཁྲི610། སྒོར་ཁྲི5030བཅས་ཡིན། ཡུལ་སྐོར་འཕེལ་རྒྱས་ཐེབས་རྩའི་ཁ་གསབ་ས་གནས་རྣམ་གྲངས་ཀྱི་མ་དངུལ་སྤྱི་ཡོངས་ཀྱི་ཕན་འབྲས་དམིགས་ཚད་རེའུ་མིག་གཞིར་བཟུང་ནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་བླང་བྱ་བཏོན་པའིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲངས300དང་། ཡུལ་སྐོར་མཛེས་ལྗོངས་ཁྱབ་སྤེལ། ཡུལ་སྐོར་སྤྲོ་གསེང་ཁུལ་དང་། ཡུལ་སྐོར་སྤྲོ་གསེང་གྲོང་ཁྱེར་དང་ཁྲོམ་ལམ་ཁུལ་དུ་གྲངས་ཀ90ཡོད་པ་དང་། དྲིལ་བསྒྲགས་ཐོན་རྫས་བཟོ་བའི་གྲངས་འབོར་ཁྲི10ཡོད། ཡུལ་སྐོར་ལས་རིགས་ཀྱི་ཚུལ་སྒྱུར་རིམ་འཕར་དང་། ཡུལ་སྐོར་ལས་རིགས་ཀྱི་ཐོན་རྫས་གསར་གཏོད་རྣམ་གྲངས150སྤེལ་བར་རྒྱབ་སྐྱོར་བྱས། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གཞི་གྲངས་ལ་ལྟ་ཞིབ་ཚད་ལེན་དང་ཁེབས་ཚད90%ཟིན། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་གི་ཡུལ་སྐོར་ལྟེ་གནས་ཀྱི་ཁྱབ་ཚད95%ཟིན་ནས། མཛེས་ལྗོངས་ཁུལ་གྱི་སྤྱི་པའི་ཆ་འཕྲིན་ཞབས་ཞུ་དང་ཁྲིད་སྟོན་གྱི་ཞབས་ཞུའི་ཁྱབ་ཚད95%ཟིན་ཡོད།

ནོར་སྲིད་པུའུ་ཡིས་ས་གནས་སོ་སོས《ཀྲུང་དབྱང་གིས་ས་གནས་ལ་ཆེད་དམིགས་སྤོ་སྤྲོད་བྱས་པའི་ཕན་འབྲས་དམིགས་འབེན་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས》ཀྱི་འབྲེལ་ཡོད་བླང་བྱ་ལྟར། 2024ལོའི་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩའི་ས་གནས་རྣམ་གྲངས་མ་དངུལ་གྱི་ཕན་འབྲས་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号