རྒྱལ་ཡོངས་ཀྱི་སྲང་ལམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་བརྙན་ལམ་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཟླ7པའི་ཚེས11ཉིན་ནས་ཚེས13ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཀྱི་སྲང་ལམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་བརྙན་ལམ་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཐོག་དང་པོར་རྒྱལ་ཡོངས་ཀྱི་སྲང་ལམ་ཡོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་སྲང་ལམ་བཙུགས་མེད་ཅིང་གྲོང་ཁྱེར་ཅན་གྱི་ཆུ་ཚད་ཅུང་མཐོ་བའི་རྫོང་མཁར་གྱི་ཁྲིན་ཀོན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བསྡོམས་པས་མི་ཁྲི1ལྷག་ལ་གསོ་སྦྱོང་བྱས།

གསོ་སྦྱོང་འཛིན་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཏང་ཀྲུང་དབྱང་གི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་། གཞི་རིམ་བཅོས་སྐྱོང་གི་བཀོད་སྒྲིག་གལ་ཆེན་གྱིས་དགོས་མཁོར་བརྟག་དཔྱད་བྱེད་པའི་རྨང་གཞིའི་སྟེང་། བསམ་བློའི་སློབ་ཚན་དང་སྲིད་ཇུས་སློབ་ཚན། གྱོད་དཔེ་སློབ་ཚན་བཅས་བཀོད་སྒྲིག་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་ཆེད་མཁས་པའི་དགོངས་དོན་བསྒྲགས་པ་དང་། སྲིད་ཇུས་དང་བླང་བྱ་བསྒྲགས་ནས། འབྲེལ་ཡོད་ས་གནས་ཏང་ཨུའི་རྩ་འཛུགས་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་སྔོན་ཐོན་མིག་དཔེ། ཕུལ་བྱུང་སྲང་ལམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཐུས་མིས་གྱོད་དཔེ། སྒྲུབ་སྟངས། ཉམས་མྱོང་བཅས་ཀྱི་སྒོ་ནས་རྒྱ་ཆེའི་སྲང་ལམ་ཏང་གི་རྩ་འཛུགས་ཀྱི་ཧྲུའུ་ཅིར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་འགྱུར་བར་བྱས་ཏེ། ས་སྲུང་འགན་སྒྲུབ་བྱས་ནས་ཁྱོན་ཡོངས་ནས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ནང་ལེགས་སྐྱེས་འབུལ་བའི་ནུས་པ་ཆེ་རུ་གཏོང་དགོས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་ཕུལ་བྱུང་གི་ཐོན་ཁུངས་གཞི་རིམ་དུ་སྐྱོད་པར་སྐུལ་འདེད་གཏོང་བ་དང་། ས་གནས་སོ་སོའི་སྲང་ལམ་གྱི་ལས་བྱེད་པའི་དཔེ་སྟོན་ཏན་ཏིག་གིས་གཞི་རིམ་གྱི་ཏང་རྩ་འཛུགས་དང་གཅིག་གྱུར་ཡོང་བར་བྱས་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཇེ་མཐོར་གཏོང་བར་དོན་སྙིང་གལ་ཆེན་ལྡན།

ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་སློབ་མགོ་ཚུགས་པའི་མཛད་སྒོ་དང་མཇུག་སྒྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། གསོ་སྦྱོང་འཛིན་གྲྭས་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་སློབ་ཁང་གཙོ་བོ་བཀོད་སྒྲིག་བྱས་ཡོད་ཅིང་། ཞིང་ཆེན་དང་ལྗོངས། གྲོང་ཁྱེར་གྱི་ཏང་གི་སློབ་གྲྭ31དང་ས་གནས་སྐོར་ཞིག་གི(ཁུལ་དང་མནའ་འབྲེལ)ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)བཅས་སུ་ཡན་ལག་སློབ་ཁང་བཙུགས་ཡོད། བརྙན་ལམ་སློབ་ཁྲིད་དང་ཞིབ་གྲོས་སྤེལ་རེས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་སུ་སྤེལ་བ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་སྤྱི་ཚོགས་ལས་དོན་པུའུ། ཏང་གི་སློབ་གྲྭའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་སློབ་ཁང་དུ་སློབ་མགོ་ཚུགས་པའི་མཛད་སྒོ་དང་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号