སླར་ཡང་སྒོར་དུང་ཕྱུར4.96སྤྲོད་རྒྱུ་རེད།

ཉེ་ཆར། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུས་སླར་ཡང་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར4.96སྤྲད་ནས། ཀྲེ་ཅང་དང་ཨན་ཧུའེ། ཧྥུ་ཅན། ཅང་ཞི། ཧུའུ་པེ། ཧུའུ་ནན། ཀུའེ་ཀྲོའུ། ཀོང་ཏུང་། ཀོང་ཞི་སོགས་ཞིང་ཆེན9ཡི་ཆུ་ལོག་དང་ས་གཤིས་གནོད་འཚེའི་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་དང་། གནོད་འཚེ་ཕོག་མཁན་འཚོལ་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པར་གཙོ་གནད་དུ་སྤྱོད་པ་དང་། གནོད་འཚེ་ཕོག་མཁན་འཚོལ་སྐྱོབ་དང་གནས་སྤོ་བཀོད་སྒྲིག་བྱེད་པ། ཉེན་ཁ་སེལ་པ་སོགས་ཀྱི་འཕྲལ་བསྟུན་ཐག་གཅོད་ཡག་པོར་བྱེད་པ། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་དང་འཕྲལ་བསྟུན་དག་ཐེར་དང་། གཏོར་སྐྱོན་ཐེབས་པའི་མི་སེར་གྱི་ཁང་པ་ཞིག་གསོ་སོགས་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号