མཚོ་སྔོན་གྱི་སྡེ་ཁག་མང་པོས་སྐྱེ་ཁམས་བདག་དམ་པར་བདེ་ཐང་བསྐྱལ་བ།
ཆེད་མཁས་པའི་འགྲེལ་བརྗོད་བྱས་པའི་ཚན་རིག་བདེ་ཐང་ཤེས་བྱར་ཕན་ཆེན་པོ་ཡོད་པ་དང་། ངའི་རྒྱུན་པར་རིར་འགོ་སྐབས་པུས་མོ་ན་བ་དང་། རྗེས་སུ་ཆེད་མཁས་པའི་མཛུབ་སྟོན་ལྟར་ཚན་རིག་ངང་སྦྱོང་བརྡར་བྱེད་ངེས་ཡིན་ཞེས་ཟླ6པའི་ཚེས28ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་མཚམས་ཀྱི་བསོད་ནམས་རྡོ་རྗེས་དགའ་སྤྲོའི་ངང་བཤད།
ཉིན་དེར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་མཚམས་ཀྱི་སྐྱེ་ཁམས་བདག་དམ་པ120ལྷག་མཚོ་སྔོན་མདོ་བ་་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་ཡོང་ནས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་ལྟེ་གནས་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞབས་ཞུའི་འགན་སྲུང་ལྟེ་གནས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་གནོད་སེལ་མྱུར་སྐྱོབ་དང་འཕྲལ་བསྟུན་མྱུར་སྐྱོབ་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་པའི2024ལོའི་ཚན་རིག་ལུས་ཕུང་སྦྱོང་བརྡར་མཛུབ་སྟོན་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པ་དང་། སྐྱེ་ཁམས་བདག་དམ་པ་སྟོང་ལྷག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དུ་བྱ་བ་སྒྲུབ་ཅིང་། ཁོ་ཚོས་དུས་རྒྱུན་ཆ་སྙོམས་ཀྱི་ས་བབ་མསྨི4000ཡན་གྱི་མཐོ་སྒང་ས་ཁུལ་དུ་གནས་དེའི་རྩྭ་རྩི་ཤིང་ལ་སྲུང་སྐྱོང་བྱེད་བཞིན་ཡོད།
བྱ་འགུལ་ར་བའི་ནང་དུ།“ཁྱེད་ཚོས་ལྗང་མདོག་གི་རི་ཆུ་སྲུང་། ང་ཚོས་ཁྱེད་ཅག་གི་བདེ་ཐང་སྲུང”ཞེས་པའི་འགྲེམ་བྱང་མིག་ལམ་དུ་གསལ། ལུས་རྩལ་སྨན་པའི་ཆེད་མཁས་པ་དང་རྒྱལ་ཁབ་རིམ་པ། ཞིང་ཆེན་རིམ་པའི་ཕུལ་བྱུང་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པས“སློབ་ཁྲིད”དང“ལུས་ཕུང་སྦྱོང་བརྡར་ཐེངས་ཤིག”“ལུས་པོའི་སྤུས་ཚད་ལྟ་སྐུལ་ཚད་ལེན་ཐེངས་གཅིག”སོགས་ལ་བརྟེན་ནས། ཚན་རིག་སྒོས་ལུས་ཕུང་སྦྱོང་བརྡར་གྱི་འདུ་ཤེས་དང་རྣམ་པ། བྱེད་ཐབས་དེ་དག་སྐྱེ་ཁམས་བདག་དམ་པའི་གམ་དུ་བསྐྱལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注