མཚོ་སྔོན་གྱིས“1+3+N”དངུལ་རྩའི་ཞབས་ཞུའི་མ་ལག་འཛུགས་སྒྲུབ་བྱས་ཏེ་ལྗང་མདོག་རྩིས་ནུས་ཐོན་ལས་ལ་རོགས་འདེགས་བྱས།

“ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས‘ ནུས་མཐོའི་དངུལ་རྩའི་ཞབས་ཞུས་ལྗང་མདོག་རྩིས་ནུས་ལ་སྐུལ་འདེད་གཏོང་བ་དེ་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བར་བྱེད་པའི’དམིགས་འབེན་དང་དམ་དུ་འབྲེལ་ཏེ།‘1+3+N’ལྗང་མདོག་རྩིས་ནུས་དངུལ་རྩའི་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྡེ་ཁག་གིས་ལྗང་མདོག་གློག་ཤུགས་འགན་སྲུང་དང་། རྨང་གཞིའི་སྒྲིག་ཆས་རྒྱབ་སྐྱོར། ཐོན་ལས་བེད་སྤྱོད་སྣེ་ཁྲིད་བཅས་ཕྱོགས་གསུམ་གྱི་རྒྱབ་སྐྱོར་ཤུགས་ཚད་ལ་ཁྲིད་སྟོན་བྱས་ཏེ། ལྗང་མདོག་རྩིས་ནུས་ཀྱིས་ཐོན་ལས་ཁྱབ་ཁོངས་མང་པོའི་བེད་སྤྱོད་རིན་་ཐང་སྔོག་འདོན་བྱེད་པར་རོགས་འདེགས་བྱས།” ཞེས་ཉེ་ཆར་ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས། 

རྒྱུས་ལོན་པ་ལྟར་ན། དངུལ་རྩའི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཀྲུང་གོའི་འབྲེལ་འཕྲིན་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི་དང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས། དངུལ་རྩའི་མུ་མཐུད་ནས་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྲིད་ཇུས་དང་ཐོན་ཁུངས། སྒྲིག་སྲོལ་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་བཏང་སྟེ། གྲངས་འཛིན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། གྲངས་འཛིན་ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཐོན་ཁུངས་སྡེབ་སྒྲིག་ཇེ་ལེགས་སུ་བཏང་བ་དང་།“ཚན་རྩལ་དངུལ་བུན་གཏོང་བ”དང“ཁེ་ལས་གསར་གཏོད་སྐར་བསགས་དངུལ་བུན་གཏོང་བ”སོགས་ཀྱི་རིགས་སྣ20ཡི་ཡིད་རྟོན་དངུལ་གྲངས་མང་བ་དང་ཡིད་རྟོན་གཏའ་འཇོག ཞིབ་བཤེར་ཆོག་མཆན་གྱི་ཆེད་སྤྱོད་ཡིད་རྟོན་དངུལ་བུན་བཅས་ཀྱི་ཐོན་རྫས་བཏོན། 

ཀྲུང་དབྱང་དངུལ་ཁང་གི་ཐཱན་ཉུང་བཙོག་འབུད་ཀྱི་རྒྱབ་སྐྱོར་ཡོ་བྱད་དང་་ལྗང་མདོག་བསྐྱི་དངུལ་གྱི་རིན་གོང་ཁ་གསབ་སོགས་ཀྱི་སྲིད་ཇུས་སྤྱད་དེ། དངུལ་རྩའི་སྡེ་ཁག་གིས་“འཆར་འགོད་མཉམ་ལས་དངུལ་བུན་གཏོང་བ”དང“ཁ་གསབ་དབང་ངེས་དངུལ་བུན”།“འཛུགས་སྐྲུན་དུས་སྐབས་ཀྱི་དངུལ་བུན”སོགས་རིགས་སྣ10ལྷག་གི་ཆེད་སྤྱོད་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་བཏོན་ནས། དངུལ་བུན་གྱི་སྐྱེད་ཀ་མུ་མཐུད་ནས་མར་ཆག་པར་སྐུལ་འདེད་བཏང་བ་དང་། མ་རྐང་དབང་ཆ་འཐུས་ཚང་དང་ཐེབས་རྩ་སོགས་རྒྱུ་མང་མ་དངུལ་མཉམ་འདྲེས་ཐབས་ལམ་ལ་བརྟེན་ནས། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་གློག་སྤྱོད་ཐད་ལྗང་མདོག་གློག་བཀོལ་ཐུབ་པར་འགན་སྲུང་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号