ཀཱ་ཟ་ས་ཁུལ་དུ་བྱིས་པ་ཁྲི1.7དྭ་ཕྲུག་ཏུ་གྱུར་ཡོད།
ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས9ཉིན། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པ། ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་བློན་ཆེན་འགན་གཅིག་ལྕོགས་ཁུར་བའི་ས་ཧྥ་ཏི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ས་ཁུལ་གྱི་ཕ་ལེ་སི་ཐན་ཡུལ་གྱར་བ་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་(ཉེ་ཤར་ས་ཁུལ་རྒུད་སྐྱོབ་ལས་གྲྭ་ཁྲུའུ)ཡི་ཆེད་བསྐོས་ཀྲུའུ་རེན་ལཱ་ཀྲ་ལི་ཉི་ལ་ཐུག་འཕྲད་གནང་བ་རེད།
ལཱ་ཀྲ་ལི་ཉི་ཡིས་ཀཱ་ཟ་ས་ཁུལ་དུ་བསྐྱོད་པའི་མི་ཆོས་རོགས་སྐྱོར་གྲངས་འབོར་གྱིས་ཕ་ལེ་སི་ཐན་དམངས་ཚོགས་ཀྱི་དགོས་མཁོ་དམའ་ཤོས་སྔར་བཞིན་སྐོང་ཐུབ་ཀྱི་མེད། མིག་སྔའི་བར་ཀཱ་ཟ་ས་ཁུལ་གྱི་བྱིས་པ17000དྭ་ཕྲུག་ཏུ་གྱུར་ནས་མི་ཆོས་ཀྱི་གནས་བབ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་ཅེས་བཤད། ས་ཧྥ་ཏི་ཡིས་ཅོར་ཏན་གྱིས་ཉེ་ཤར་རྒུད་སྐྱོབ་ལས་གྲྭ་ཁྲུའུ་དང་མཉམ་དུ་ལངས་ནས་སྒྲིག་གཞི་དེར་དགོས་ངེས་ཀྱི་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注