《ཞི་ཅིན་ཕིང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་བྱེད་པ》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྩ་འཛུགས་དང་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་བྱེད་པ》ཅེས་པའི་དཔེ་དེབ་དེ། ཉེ་སྔོན་མི་དམངས་དཔེ་སྐྲུན་ཁང་དང་མི་དམངས་འགྲིམ་འགྲུལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས་པར་མ་ཟད་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

དཔེ་དེབ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཆེད་དོན་བགོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་རྣམ་བཤད་གལ་ཆེན་སྐོར་གྱི་དོན་སྙིང་གལ་ཆེན་དང་གོ་དོན་ཕུན་སུམ་ཚོགས་པ། དོན་སྙིང་གཙོ་བོ། ལག་ལེན་གྱི་རེ་བ་བཅས་འགྲེལ་བཤད་གསལ་བོ་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་འཕེལ་རྒྱས་གཏོང་བར་ཧ་ཅང་མཐོང་ཆེན་མཛད་པ་དང་། རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ལ། སྐུ་དངོས་སུ་འཆར་འགོད་དང་དངོས་སུ་བཀོད་སྒྲིག་བྱས་པ་དང་དངོས་སུ་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་བྱས་ལ། འགྲིམ་འགྲུལ་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་འབྱེད་གདོང་ལེན་པ་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་གསལ་བོ་བྱས་པ་དང་། ཧུར་ཐག་གིས་གེགས་མེད་ཕྱིར་བགྲོད་དང་དངོས་ཟོག་སྐྱེལ་འདྲེན་ཐད་ཀྱི་སྟབས་བདེ་ཉམས་སུ་མྱོང་ཐུབ་པའི་མཛེས་སྡུག་གི་རེ་ལྗོངས་མངོན་འགྱར་བྱེད་རྒྱུའི་རེ་བ་བཏོན་ལ། དུས་རབས་གསར་བའི་འགྲིམ་འགྲུལ་སྐྱེལ་འཕེལ་རྒྱས་སུ་གཏོང་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པ་གསལ་བོར་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་བསམ་བློའི་གཏིང་ཟབ་ཅིང་གོ་དོན་ཕུན་སུམ་ཚོགས་ལ། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། དུས་རབས་གསར་བར་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号