ཀྲུང་དབྱང་དམག་ཨུས་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་བསྡུས་པ་དང་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་པའི་ལས་ཁུངས་ལ་བྱ་དགའི་དར་ཆ་གནང་།

ཟླ7པའི་ཚེས9ཉིན། ཀྲུང་དབྱང་དམག་ཨུས་པེ་ཅིན་དུ་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་གཟབ་རྒྱས་བསྡུས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“དཔེ་བཟང་མེ་སྒྱོགས་ལྡིང་ཤོག་གི་གཟི་བརྗིད་མཚན་སྙན་ཐོབ་པའི་སྐམ་དམག་གི་སྟོང་ཤོག་ག་གེ་མོའི་བརྒྱ་ཤོག་དང་པོའི་ལྡིང་ཤོག་གཉིས་པར་བྱ་དགའི་དར་ཆ་གནང་པར་མ་ཟད་དྲན་རྟེན་མཉམ་པར་བསྐྱོན།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར97ལོན་པའི་སྐབས་འདིར། ཀྲུང་དབྱང་དམག་ཨུས་ཚེས9ཉིན་པེ་ཅིན་དུ་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་གཟབ་རྒྱས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་སྙན་ཐོབ་པའི་ལས་ཁུངས་ལ་བྱ་དགའི་དར་ཆ་གནང་།

བརྒྱད་གཅིག་ཐོག་ཁང་ཆེན་མོའི་མཛད་སྒོའི་ཡུལ་དངོས་སུ་དམག་དཔུང་དཔོན་དམག་དང་རིག་གནས་བྱ་བ་བྱེད་མཁན་གྱི་འཐུས་མི་གྲལ་བསྒྲིགས་པའི་རྣམ་པ་བརྗིད་ཉམས་ལྡན། ཕྱི་དྲོའི་ཆུ་ཚོད3དང་སྐར་མ30ཙམ་ལ་གུས་ཞབས་དམག་མི18གོམ་སྟབས་མཉམ་པོའི་སྒོ་ནས་ཡུལ་དངོས་སུ་ཡོང་བ་དང་། མེ་མདའ་བཟུང་ནས་གཡས་གཡོན་དུ་ལངས་པ་ན་བྱ་དགའ་སྤྲོད་པའི་མཛད་སྒོ་མགོ་བརྩམས། ཚོགས་ར་ཡོངས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་ཀྲུང་དབྱང་དམག་ཨུས་གཟི་བརྗིད་མཚན་སྙན་གནང་བའི་བཀའ་རྒྱ་སྒྲོག་འདོན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གིས་མཛད་སྒོར་མགོ་འཛིན་གནང་།

སྙན་འཇེབས་ལྡན་པའི《མི་དམངས་དམག་དཔུང་ཏང་ལ་བློ་དཀར་བ་ཡིན》ཞེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་གིས“དཔེ་བཟང་མེ་སྒྱོགས་ལྡིང་ཤོག”གི་གཟི་བརྗིད་མཚན་སྙན་ཐོབ་པའི་སྐམ་དམག་གི་སྟོང་ཤོག་ག་གེ་མོའི་བརྒྱ་ཤོག་དང་པོའི་ལྡིང་ཤོག་གཉིས་པར་བྱ་དགའི་དར་ཆ་གནང་། ལྡིང་ཤོག་དཔོན་དམག་གི་འཐུས་མིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་གཟབ་ནན་གྱིས་བྱ་དགའི་དར་ཆ་བླངས། ཞི་ཅིན་ཕིང་གིས་ཁོ་ཚོར་བྱམས་བརྩེའི་ངང་རྟེན་འབྲེལ་ཞུས་པར་མ་ཟད་དྲན་རྟེན་མཉམ་པར་བསྐྱོན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་དེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གླུ་སྐད་ཁྲོད་མཇུག་སྒྲིལ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལི་དང་མེའོ་ཧྭ། ཀྲང་ཧྲིན་མིན་བཅས་དང་། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། པེ་ཅིན་དུ་སྡོད་པའི་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། དམག་ཨུས་གཟི་བརྗིད་མཚན་སྙན་སྤྲད་པའི་ལས་ཁུངས་ཀྱི་འཐུས་མི་སོགས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号