ལྷ་སའི་སྤྱི་ཚོགས་འགན་བཅོལ་གཱ་ཡོད་ན། འདིར་ཡིན་གཅིག་གཟིགས་རོགས།

གྲོང་མིའི་ཞབས་ཞུའི“གཱ་གཅིག་ཀུན་འཐུས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་སྨན་ཁང་ཁག་གཅིག་ཏུ་སྔོན་ལ་ཚོད་ལྟ་བྱས་ནས། ལྗོངས་ཡོངས་ཀྱི་སྨན་ཁང་གཞན་དག་གི་སྔོན་ལ“གཱ་གཅིག་ཀུན་འཐུས”ལེགས་གཏོང་དང་བེད་སྤྱོད་གཏོང་ཐུབ་པ་བྱས་པས། རྒྱ་ཆེའི་གྲོང་མིར་དེ་བས་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་ཉམས་ལེན་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་སུ་སྤྱི་ཚོགས་འགན་བཅོལ་གཱའི་གློག་རྡུལ་རྩ་གཉིས་ཨང་རྟགས་སྤྱད་དེ་སྒོ་བསྟེན་གྱི་ཨང་ཀི་བཀག་པ་དང་། ནད་ལྟ་བ། སྨན་རིན་སྤྲོད་པ། སྨན་ལེན་པ། ཁྲག་བཙག་པ། སྨན་ཁང་དུ་སྡོད་པ། གཏའ་དངུལ་སྤྲོད་པ། མཇུག་རྩིས་རྒྱག་པ། བརྟག་དཔྱད་འབྲས་བུ(སྤྱིན་ཤོག)དང་འཛིན་ཤོག་པར་རྒྱག་པ་སོགས་བྱེད་ཐུབ་ཀྱི་ཡོད་པས། སྨན་ཁང་དུ་ནད་ལྟ་བར་ཡོང་མཁན་ནད་པ་རྣམས་ལ་ཐབས་ལམ་མང་བ་དང་ལས་ཕྱོད་ཆེ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད།

ཤ་ཚའི་དྲན་སྐུལ།

ཚོད་ལྟའི་ཚན་པ།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་།

ཧྥུའུ་ཁང་སྨན་ཁང་། 

ཆུ་ཤུར་རྫོང་མི་དམངས་སྨན་ཁང་། 

ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་། 

སྙེ་མོ་རྫོང་མི་དམངས་སྨན་ཁང་། 

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་། 

འདམ་གཞུང་རྫོང་མི་དམངས་སྨན་ཁང་། 

སྟག་རྩེ་རྫོང་མི་དམངས་སྨན་ཁང་། 

མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་། 

ལྷ་ས་ཧོའུ་པེ་སྨན་ཁང་ཚད་ཡོད་ཀུང་སི། 

ལྷ་ས་ཧོའུ་ལན་སྨན་ཁང་ཚད་ཡོད་ཀུང་སི། 

ལྷ་ས་ཀོང་ཧྲེང་སྨན་ཁང་། 

བོད་ལྗོངས་གླིང་ལྔ་སྨན་ཁང་། 

ལྷ་ས་ཉི་འོད་སྨན་ཁང་། 

ལྷ་ས་པེའར་ཤིས་མིག་ནད་ཚན་ཁག་སྨན་ཁང་། 

ལྷ་ས་ཧེང་ཏཱ་སྨན་ཁང་། 

ལྷ་ས་ཀུན་ཕན་སྨན་ཁང་། 

བོད་ལྗོངས་སྒྲོལ་མ་སྨན་ཁང་། 

ལྷ་ས་ཧུང་ཀྲེན་སྨན་ཁང་ཚད་ཡོད་ཀུང་སི།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号