ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཉིན་ཞའི་ལེའུ་གསར་བ་རྩོམ་དགོས་པར་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཉིན་ཞ་ཡིས་འཕེལ་རྒྱས་འདུ་ཤེས་གསར་བ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་འཛིན་པ་དང་། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་ཁྲིད་ཕྱོགས་སུ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ། ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྒོ་འབྱེད་རྒྱ་བསྐྱེད་པ། རྣམ་པ་གསར་བའི་མཁར་གྲོང་ཅན་དང་གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ། ཐུན་མོང་འབྱོར་ཕྱུག་སོགས་ཀྱི་བྱ་བར་གཅིག་འདོམ་སྐུལ་འདེད་བཏང་ནས། དཔལ་འབྱོར་དར་རྒྱས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་སྡུག མི་དམངས་འབྱོར་ཕྱུག་བཅས་ཡིན་པའི་མཛེས་པའི་ཉིན་ཞ་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། ཧུར་ཐག་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིན་ཞའི་ལེའུ་གསར་བ་རྩོམ་དགོས།

ཟླ6པའི་ཚེས19ཉིན། ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་རྗེས་ཉིན་ཞ་རུ་ཕེབས། ཉིན་དེའི་ཕྱི་དྲོར། ཁོང་གིས་ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལིང་ཡན་ཧྲུན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཀྲང་ཡུས་ཕུའུ་གཉིས་ཀྱི་ཕེབས་རོགས་འོག དབྱིན་ཁྲོན་གྲོང་ཁྱེར་དུ་གཟིགས་ཞིབ་མཛད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་དམངས་བདེ་ཞབས་ཞུའི་ཚོམས་ཁང་དུ་སྡེ་ཁུལ་གྱིས་དམངས་ཕན་ཞབས་ཞུ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ས་ཚིགས་ནས་སྨན་བཅོས་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པའི་ཚུལ་རེད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་འགུལ་སྐྱོད་ཁང་དུ་རྟོག་ཞིབ་མཛད་སྐབས་སྡེ་ཁུལ་གྱི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པའི་ཚུལ་རེད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་འགུལ་སྐྱོད་ཁང་དུ་རྟོག་ཞིབ་མཛད་སྐབས་སྡེ་ཁུལ་གྱི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པའི་ཚུལ་རེད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་འགུལ་སྐྱོད་ཁང་དུ་རྟོག་ཞིབ་མཛད་སྐབས་སྡེ་ཁུལ་གྱི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པའི་ཚུལ་རེད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་འགུལ་སྐྱོད་ཁང་དུ་རྟོག་ཞིབ་མཛད་སྐབས་སྡེ་ཁུལ་གྱི་མང་ཚོགས་དང་སྙིང་ཉེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་ནི་མི་རིགས་མང་བོ་འདུས་སྡོད་བྱེད་སའི་སྡེ་ཁུལ་ཆེན་པོ་ཞིག་ཡིན་ཞིང་། ཞི་ཅིན་ཕིང་ཐོག་མར་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་དམངས་བདེ་ཞབས་ཞུའི་ཚོམས་ཆེན་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ས་ཚིགས། བརྩེ་སེམས་ཚོང་ཁང་བཅས་སུ་ཕེབས་ཏེ། སྡེ་ཁུལ་གྱི་བྱ་བའི་མཚམས་སྦྱོར་ལ་གསན་པ་དང་། སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་ཁྱིམ་མཚེས་བར་གྱི་འབྲེལ་འདྲིས་བྱ་འགུལ་སྤེལ་བ། དམངས་ཕན་ཞབས་ཞུ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་ཞིབ་ལོན་ཞིབ་ཏུ་མཛད། དེའི་རྗེས་སུ་ཁོང་ཉིད་སྡེ་ཁུལ་གྱི་བྱ་འགུལ་ཁང་དུ་ཕེབས་ཏེ། སྤྲོ་བ་ཆེན་པོས་སྡོད་དམངས་དག་གི་ཤོག་དྲས་བརྩམས་ཆོས་དང་ཞབས་བྲོའི་སྦྱོང་བརྡར་ལ་གཟིགངས་པར་མ་ཟད། བྱམས་བརྩེའི་སྒོ་ནས་ཚང་མ་དང་གླེང་མོལ་མཛད་དེ། ལས་འཁྱུར་ངལ་གསོ་བྱས་པའི་སྡོད་དམངས་ལ་རྒས་ན་གསོ་མཁན་ཡོད་པ་དང་རྒས་ན་སེམས་ཁམས་སྐྱིད་པ། རྒས་ན་ལས་རྒྱུ་ཡོད་དགོས་པའི་སྐུལ་མ་བཏང་། ཞི་ཅིན་ཕིང་གིས་བསྟན་དོན། སྡེ་ཁུལ་གྱི་ཏང་རྩ་འཛུགས་ནི་ཏང་གིས་གཞི་རིམ་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྲོག་རྩ་ལྟ་བུ་ཡིན་པས། སྡེ་ཁུལ་ཁྲོད་དུ་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། སྡེ་ཁུལ་གྱི་ཏང་རྩ་འཛུགས་བཟང་བོར་སྟོབས་ལྡན་དུ་འཛུགས་སྐྲུན་བྱས་ན་སྡེ་ཁུལ་གྱི་བྱ་བར་སྲོག་ཤིང་ཡོད་པ་ཡིན། ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་སྒོས་སྡོད་དམངས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་དམ་པོར་དམིགས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་སྣ་ཚོགས་ཞིབ་ཚགས་ལྡན་པའི་སྒོ་ནས་བཟང་བོར་བསྒྲུབ་དགོས།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་སྡོད་དམངས་ཀྲའོ་ཧྲིག་ཁྲིན་གྱི་ཁྱིམ་དུ་ཚང་མ་དང་མཉམ་དུ་གླེང་མོལ་མཛད་པའི་ཚུལ་རེད།

ཞི་ཅིན་ཕིང་སྡེ་ཁུལ་གྱི་སྡོད་དམངས་ཀྲའོ་ཧྲོའུ་ཁྲིན་གྱི་ཁྱིམ་དུ་ཕེབས་ཏེ། ཚང་མ་དང་མཉམ་དུ་གླེང་མོལ་མཛད་ནས། ཁོ་ཚོའི་ལས་ཞུགས་དང་ཡོང་འབབ། སྨན་བཅོས་རྩིས་སྤྲོད། བྱིས་པ་སློབ་གྲྭར་སོང་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་མཛད་པ་དང་། ཁོ་ཚོའི་བདེ་སྐྱིད་ཀྱི་འཚོ་བར་བསྟོད་བསྔགས་བྱས་པར་མ་ཟད། བྱིས་པ་ཚོའི་ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་སྐུལ་མ་བཏང་། ཀྲའོ་ཧྲོའུ་ཁྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཞུས་དོན། ས་དེའི་ཏང་ཨུ་དང་སྲིད་གཞུང་གིས་སྡེ་ཁུལ་གྱི་འཛུགས་སྐྲུན་ལ་སེམས་ཁུར་ཆེན་པོ་བྱེད་པ་དང་། ཁྱད་པར་དུ་སྡེ་ཁུལ་རྙིང་བའི་ལེགས་བསྒྱུར་དང་སྡོད་དམངས་ཀྱི་རིག་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ཀྱི་ཐད་དོན་དངོས་བྱ་བ་མང་བོ་བསྒྲུབས་ཡོད་ལ། རིགས་སོ་སོའི་མང་ཚོགས་དག་སྡེ་ཁུལ་ནང་འཆམ་མཐུན་མཉམ་གནས་བྱས་ཏེ་འཚོ་བར་སྤྲོ་སྐྱིད་ལྡན་ཟེར། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་ཏང་གི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཡིན་པ་དང་། རིགས་སོ་སོའི་མང་ཚོགས་དང་ཁྱིམ་ཚང་སོ་སོ་གང་ཡིན་ཡང་ངས་སེམས་ཁུར་བྱེད་བཞིན་ཡོད། ཁྱོད་ཚོས་ཁྱིམ་ཚང་འཛུགས་སྐྲུན་གང་ལེགས་བྱས་ཏེ་འཚོ་བ་སྔར་ལས་སྐྱིད་པོ་རོལ་བར་རེ་བཞིན་ཡོད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་རྟོག་ཞིབ་མཛད་སྐབས་སྡེ་ཁུལ་གྱི་སྡོད་དམངས་ལ་གུས་པའི་ཕྱག་བརྡ་སྟོན་པའི་ཚུལ་རེད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་འགུལ་སྐྱོད་ཁང་དུ་རྟོག་ཞིབ་མཛད་སྐབས་སྡེ་ཁུལ་གྱི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པའི་ཚུལ་རེད།

ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ས་ཁུལ་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་འགུལ་སྐྱོད་ཁང་དུ་རྟོག་ཞིབ་མཛད་སྐབས་སྡེ་ཁུལ་གྱི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པའི་ཚུལ་རེད།

ས་སྲོད་ཀྱི་མཚམས་སུ། སྡེ་ཁུལ་གྱི་ཐང་ཆེན་དུ་འདུ་འཛི་ཧ་ཅང་ཆེ། སྡོད་དམངས་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་ཡོང་བ་མཐོང་ནས་ལང་ལོང་སྒོས་ཉེ་སར་བཅར་བ་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་སྙིང་ཉེ་བའི་སྒོ་ནས་ཚང་མར་གསུང་དོན། ལོ་ངོ་བཞི་འགོར་རྗེས་ང་རང་ཡང་བསྐྱར་ཉིན་ཞ་རུ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམ་འདྲིར་ཡོང་བ་དང་། ཚང་མ་མཐོང་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞིས་ཆེན་མོ་ཞིག་ཡིན་ལ། རིགས་སོ་སོའི་མི་དམངས་རྣམས་སེའུ་འབྲུ་དང་འདྲ་བར་མཐུན་སྒྲིལ་དམ་པོ་བྱེད་དགོས། རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་རིགས་སོ་སོའི་མི་དམངས་ཀྱི་སེམས་པ་དམ་པོར་སྦྲེལ་ནས། ཕྱོགས་སོ་སོའི་སྟོབས་ཤུགས་རྒྱ་ཆེར་གཅིག་ཏུ་སྒྲིལ་བ་དང་། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དགྱེས་སྟོན་མཉམ་སྤྱོད་བྱེད་དགོས།

ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཉིན་ཞ་ཡི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཉིན་ཞ་རུ་ཡུལ་བབ་ཁོར་ཡུག་དང་ཐོན་ཁུངས་ཐུན་མོང་མ་ཡིན་པ་ཡོད་པས། ཁྱད་ཆོས་ཅན་དང་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་བགྲོད་དེ། ཉིན་ཞ་ཡི་ཁྱད་སྟོབས་མངོན་པ་དང་འགྲན་རྩོད་ནུས་པ་ཅུང་དྲག་པོ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། ཉིན་ཞ་ཡི་དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་རྣམ་པ་གསར་བའི་རྒྱུ་ཆའི་ཐོན་ལས། རླུང་གློག་དང་འོད་གློག ཆིང་ནུས་སོགས་དག་གཙང་ནུས་ཁུངས་ཀྱི་ཐོན་ལས། རྒུན་ཆང་དང་འཕང་འབྲས་སོགས་ཁྱད་ལྡན་ཐོན་ལས་བཅས་ཞིབ་ཚགས་ལྡན་པར་བྱས་ཏེ་བསྟུད་མར་འཕེལ་རྒྱས་སུ་གཏོང་དགོས། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་ཟབ་མོར་ཤུགས་སྣོན་བྱས་ཏེ། ཧུར་ཐག་སྒོས་ཁྱད་ལྡན་ཡུལ་སྐོར་དང་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཇེ་དྲག་ཏུ་བཏང་སྟེ། ཚན་རྩལ་གྲུབ་འབྲས་ཀྱི་སྤོར་བསྒྱུར་བེད་སྤྱོད་ཤུགས་ཚད་ཇེ་ཆེར་བཏང་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྤེལ་བྱེད་དགོས་ལ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་དགོས། ཉིན་ཞ་བྱང་ངོས་ཀྱི་རྨ་ཆུ་དྲངས་ནས་ཆུ་གཏོང་བའི་ས་ཁུལ་དང་དབུས་ཕྱོགས་ཀྱི་ཐན་པ་ཆེ་བའི་ས་ཁུལ། ལྷོ་ཕྱོགས་ཀྱི་རི་ཁུལ་བཅས་ལ་རང་རང་གི་ཁྱད་ཆོས་ཡོད་ཅིང་། ས་ཁུལ་སོ་སོའི་ཐོན་ལས་འཕེལ་རྒྱས་རྨང་གཞི་དང་ཐོན་ཁུངས་ཁོར་ཡུག་གི་ཤོང་ཚད། སྒོ་འབྱེད་གསར་སྤེལ་གྱི་སྦས་ཤུགས་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། གཅིག་འདོམས་འཆར་འགོད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བྱས་ནས། རི་ཆུ་མཉམ་སྦྲེལ་དང་མཁར་གྲོང་མཉམ་འདྲེས། ས་ཁོངས་མཉམ་འབྲེལ་བཅས་ཀྱི་འཕེལ་རྒྱས་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིན་ཞ་ཡིས་ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་བཅོས་བསྒྱུར་འཚོལ་ཞིབ་བྱེད་དགོས། ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཧུར་ཐག་སྒོས་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཚོང་ར་ཆེན་མོའི་འཛུགས་སྐྲུན་ནང་འདྲེས་པར་བྱེད་པ་དང་། བསྟུད་མར་རྒྱལ་ཁབ་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། ནན་ཏན་གྱིས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་སྲིད་ཇུས་དངོས་འབེབས་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས་ནས་སྤྱི་ཚོགས་ཀྱི་དངུལ་གཏོང་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། ཕྱི་ནང་ཀུན་ལ་སྒོ་འབྱེད་བྱེད་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ནུབ་ཕྱོགས་ཀྱི་སྐམ་མཚོའི་རྒྱུ་ལམ་གསར་བའི་འཛུགས་སྐྲུན་ནང་ཧུར་ཐག་སྒོས་ཞུགས་ཏེ། ཨ་རབ་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ནང་ལོགས་ཀྱི་སྒོ་འབྱེད་ཆུ་ཚད་མཐོར་འདེགས་བྱེད་དགོས། རྨ་ཆུ་དང་ཧོ་ལན་རི་བོ། ལིའུ་ཕན་རི་བོ། ལའོ་ཧྲན་རི་བོ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ནི་ཉིན་ཞ་ཡིས་བཅོས་སྒྱུར་འཕེལ་རྒྱས་ལ་ཇུས་འགོད་བྱེད་པའི་གཞི་རྩའི་ཐིག་ཚད་ཡིན་པ་དང་། ཐོན་ཁུངས་ཁོར་ཡུག་རྒྱུ་རྐྱེན་ཚོང་ར་ཅན་གྱི་བཀོད་སྒྲིག་བཅོས་སྒྱུར་གཏིང་ཟབ་དུ་བཏང་ནས་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་གྱི་ལམ་སྲོལ་དང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས། རྨ་ཆུའི་ཁུགས་སོ་ཆེན་པོའི་མཁྲེགས་གཏོར་དམག་འཐབ་ལེགས་པོར་བརྒྱབ་ནས། ནགས་ཚལ་དང་རྩྭ་ཐང་། བརླན་ས། བྱེ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཞིག་གསོ་དང་བ་ཚྭ་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཉིན་ཞའི་ཡུལ་ལྗོངས་སྔར་ལས་ཇེ་མཛེས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀུན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། ཚད་མཐའི་རང་བཞིན་བཅས་ཀྱི་དམངས་འཚོའི་ལས་དོན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ། རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ནན་མོ་གཏོང་དགོས། ལས་ཞུགས་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་བ་ལས་བཟོ་བ། དམག་དཔུང་ལས་ཕྱིར་བུད་པའི་དམག་མི་སོགས་ཀྱི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་དགོས། ཧུར་ཐག་སྒོས་གྲོང་ཁྱེར་གྱི་གསར་བསྒྱུར་ལ་སྐུལ་འདེད་བཏང་ནས་སྡེ་ཁུལ་རྙིང་བའི་བཅོས་བསྒྱུར་ལ་ཤུགས་སྣོན་དགོས། མི་གྲངས་ཀྱི་འཁོར་སྐྱོད་གནས་ཚུལ་དང་བསྟུན་ནས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས། སྤྱི་པའི་ཞབས་ཞུའི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། གནས་སྤོར་སྡོད་དམངས་ས་ཡ་ལྷག་གི་ཕྱུག་འགྱུར་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ཏེ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཡུལ་སྲོལ་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱས་ཏེ། གནད་འཁེལ་དབུལ་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་ལ་ཤུགས་བསྣན་ནས་གཞི་རྒྱ་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་བོར་འགྱུར་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དམ་འཛིན་སྒོས་ཉེན་ཁའི་གྲལ་བཤེར་དང་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྲིད་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཧུར་ཐག་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་དགོས། ཁྲིམས་ལྟར་མི་རིགས་ལས་དོན་ལ་བཅོས་སྐྱོང་དང་དམ་སྦྲེལ་ཅན་གྱི་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་ཁོར་ཡུལ་བཙུགས་ནས། རྒྱུན་ཆད་མེད་པར་མི་རིགས་སོ་སོའི་འབྲེལ་བ་ཕྱོགས་ཡོངས་ནས་ཇེ་དམ་དུ་འགྲོ་བའི་ལག་ལེན་ཐབས་ལམ་རྒྱ་བསྐྱེད་དགོས་པ་དང་། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་དམ་འཛིན་བྱས་ཏེ་ཕན་འབྲས་ཐོན་པར་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་ནན་ཏན་གྱིས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་དགོས་ལ། ཁྲིམས་སྲོལ་བརྩི་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག  སེམས་ཞིབ་མོས་བྱ་བ་བསྒྲུབ་པ་དང་། སྤོབས་པ་ཆེན་པོས་བྱ་བ་བསྒྲུབ་པ། ཡར་ཐོན་བརྩོན་ལེན་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། བྱ་སྤྱོད་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་བྱས་ཏེ། བསྟུད་མར་ཕྱི་ཚུལ་རིང་ལུགས་དག་ཐེར་ལེགས་བཅོས་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་ལ། རུལ་སུངས་བྱེད་མི་སྤོབས་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཏང་སྲོལ་བཟང་བོས་མི་སེམས་གཅིག་ཏུ་སྒྲིལ་བ་དང་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་དགོས།

ལི་ཀན་ཅེ་དང་ཧོ་ལི་ཧྥུན། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号