ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ5པའི་ཚེས24ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། སྲིད་འཛིན་བསྐྱར་གྲོས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པར་མ་ཟད།《རྒྱལ་ཁོངས་བརྒལ་བའི་གློག་ཚོང་ཕྱིར་འདྲེན་གྱི་རྒྱ་ཇེ་ཆེར་གཏོང་བ་དང་ཕྱི་རྒྱལ་གྱི་མཛོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་འདུ་ལས་བསྟན་དོན། སྲིད་འཛིན་བསྐྱར་གྲོས་ནི་སྲིད་གཞུང་ཁོངས་གཏོགས་ཀྱིས་རང་གི་ནོར་འཁྲུལ་རང་གིས་ཡོ་བསྲང་བྱེད་པའི་ལྟ་སྐུལ་ལམ་ལུགས་དང་སྲིད་འཛིན་རྩོད་གཞི་ཐག་གཅོད་བྱེད་པའི་རྒུད་སྐྱོབ་ལམ་ལུགས་ཤིག་ཡིན་ལ། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། སྲིད་འཛིན་བསྐྱར་གྲོས་ཀྱིས་སྲིད་འཛིན་རྩོད་གཞི་སེལ་བའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གསར་དུ་བཟོ་བཅོས་བྱས་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་བཟོ་བཅོས་དམ་འཛིན་བྱས་ཏེ། སྲིད་འཛིན་བསྐྱར་གྲོས་ཀྱིས་ཁྲིམས་བཀོད་འགན་འཁྲི་སྒྲུབ་པ་གནད་ལ་མི་འཁེལ་བ་དང་གོ་རིམ་ཁྲིམས་འགལ་ཡིན་པ། གང་བྱུང་དུ་དངུལ་ཆད་གཅོད་པ་སོགས་ཀྱི་བྱ་སྤྱོད་ལ་ལྟ་སྐུལ་ཚོད་འཛིན་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། སྲིད་འཛིན་བསྐྱར་གྲོས་ལ་བརྟེན་ནས་ཁྲིམས་ལྟར་སྲིད་འཛིན་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་བསྐྱར་གྲོས་སྔར་ལས་སྟབས་བདེ་ཡོང་བར་སྐུལ་འདེད་གཏོང་བ། སྲིད་འཛིན་བསྐྱར་གྲོས་ཀྱི་ལས་ཆོད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། སྲིད་འཛིན་བསྐྱར་གྲོས་དང་མི་དམངས་འདུམ་སྒྲིག་དང་། སྲིད་འཛིན་གཏུག་བཤེར་དང་འཕྲིན་བཅར་སོགས་བར་གྱི་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ཆ་རྐྱེན་དང་མཐུན་པའི་སྲིད་འཛིན་རྩོད་གཞི་དེ་སྲིད་འཛིན་གཏུག་བཤེར་དང་འཕྲིན་བཅར་སོགས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་ཐབས་ལམ་ནང་བཅུག་ནས་ཐག་གཅོད་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་འཛུགས་དགོས།

ཚོགས་འདུ་ལས་བསྟན་དོན། རྒྱལ་ཁོངས་བརྒལ་བའི་གློག་ཚོང་དང་ཕྱི་རྒྱལ་གྱི་མཛོད་ཁང་སོགས་ཕྱི་ཚོང་གི་ལས་རྣམ་གསར་པ་འཕེལ་རྒྱས་སུ་བཏང་ན། ཕྱི་ཚོང་གི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་གཞི་ཁྱོན་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁྱད་སྟོབས་གསར་པ་བསྐྲུན་རྒྱུར་ཕན་ཐོགས་ཡོད། རྒྱལ་མཚམས་བརྒལ་བའི་གློག་ཚོང་གཉེར་གཙོ་གཞི་ཧུར་ཐག་གིས་སྐྱེད་སྲིང་བྱས་ཏེ། ས་གནས་ཀྱིས་ཁྱད་ཆོས་ཁྱད་སྟོབས་ལ་གཞི་ཚུགས་ནས་སྲོལ་རྒྱུན་གྱི་ཕྱི་ཚོང་ཁེ་ལས་ཀྱིས་རྒྱལ་མཚམས་བརྒལ་བའི་གློག་ཚོང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུར་སྐུལ་མ་གཏོང་བ་དང་། རྒྱལ་མཚམས་བརྒལ་བའི་གློག་ཚོང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། ཁེ་ལས་ལ་འགྲེམས་སྟོན་དང་འབྲེལ་མཐུད་ཀྱི་སྟེགས་བུ་སྔར་ལས་མང་པོ་འདོན་སྤྲོད་བྱས་ཏེ་ཟོང་རྟགས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་དང་ཟོང་འགྲེམསམ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། ལྟ་སྐུལ་དོ་དམ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཚད་ལྡན་སྒྲིག་སྲོལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་གིས་སྤེལ་དགོས། ལས་རིགས་རང་གཅུན་ལ་ཤུགས་བསྣན་ཏེ་གོ་རིམ་ལྡན་པའི་འགྲན་རྩོད་ལ་ཁྲིད་སྟོན་བྱེད་པ་དང་། ཐོན་ལས་ཕྲེང་འབྲེལ་གྱི་རྒྱུད་འཕེལ་རྒྱས་སུ་གཏོང་བར་ནུས་པ་སྔར་ལས་ལེགས་པོ་འདོན་དགོས།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号