ཧན་ཀྲིན་གྱིས་ཧ་སག་སི་ཐན་གྲོས་ཁང་འོག་མའི་གྲོས་དཔོན་ཁའོ་ཧྲ་ནའོ་ཧྥུའུ་ལ་ཐུག་འཕྲད་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས24ཉིན་པེ་ཅིན་དུ་ཧ་སག་སི་ཐན་གྲོས་ཁང་འོག་མའི་གྲོས་དཔོན་ཁའོ་ཧྲ་ནའོ་ཧྥུའུ་ལ་ཐུག་འཕྲད་གནང་།

ཟླ4པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིེས་པེ་ཅིན་དུ་ཧ་སག་སི་ཐན་གྲོས་ཁང་འོག་མའི་གྲོས་དཔོན་ཁའོ་ཧྲ་ནའོ་ཧྥུའུ་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་རྣམ་གཉིས་ཀྱིས་ཐེངས་གཉིས་ལ་ཐུག་འཕྲད་གནང་སྟེ། ཀྲུང་ཧ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བཀོད་སྒྲིག་གསར་བ་གནང་། ཀྲུང་ཧ་འབྲེལ་བས་སྐོར་ཐེངས་གསར་པའི་རྫོགས་ལྡན་གྱི་ལོ་ངོ་སུམ་ཅུའི་མགོ་བརྩམས་ཤིང་། ཀྲུང་གོས་ཧ་སག་སི་ཐན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་གནད་དོན་ཐད་མཐའ་གཅིག་ཏུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གཏིང་ཟབ་བྱེད་པ་དེ་ཧ་སག་སི་ཐན་གྱི་དཔལ་འབྱོར་སྲིད་ཇུས་གསར་བ་དང་འབྲེལ་མཐུད་བྱས་ཏེ། ཀྲུང་ཧ་མཉམ་ལས་ཨུ་ལྷན་གྱི་སྤྱི་འདོམས་མཐུན་སྦྱོར་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣོན་པ་དང་། མི་ཆོས་བརྗེ་རེས་གཏིང་ཟབ་དུ་གཏོང་དགོས། ཕྱོགས་མང་མཐུན་སྦྱོར་དམ་ཟབ་དུ་བཏང་སྟེ་འཛམ་གླིང་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་བདེ་འཇགས་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་གཞི་བཅས་དངོས་འབེབས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་དངོས་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་འདོད་ཡོད། 

ཁའོ་ཧྲ་ནའོ་ཧྥུའུ་ཡིས་བསྟན་དོན། ད་ལོ་ནི་ཧ་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར32ལོན་པའི་ལོ་ཡིན། ཧ་ཀྲུང་འབྲེལ་བ་དེ་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤར་བྱས་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་དངོས་བརྩོན་མཉམ་ལས་ལ་ཤུགས་བསྣན་ཏེ་མི་དམངས་ཀྱི་མཛའ་བརྩེ་གཏིང་ཟབ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号