ཡུག་རེན་དུ་ཡོད་པའི་ཀྲུང་གོ་བས་གཞུང་ཚབ་ཁང་དུ་ཐོ་འགོད་དགོས། 

ཡུག་རེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་སྐད་འཕྲིན་སྤྱི་སྟེགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས5ཉིན། ཡུག་རེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས《ཡུག་རེན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཐོ་འགོད་སྙན་སེང་འཕྲལ་མར་ཞུ་དགོས་པའི་བླང་བྱ་བཏོན་པའི་བརྡ་ཐོ》ཁྱབ་བསྒྲགས་བྱས་དོན། མིག་སྔར་ཡུག་རེན་གྱི་བདེ་འཇགས་དུས་བབ་ཧ་ཅང་རྙོག་འཛིང་ཆེ་བ་དང་། སྔར་བཞིན་ཉེན་ཁ་ཆེ་བའི་གནས་སུ་གྱར་ཡོད་པས། ད་ཆ་ཡུག་རེན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཚང་མར་རེས་སྐོར་གསར་པའི་ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གཞུང་ཚབ་ཁང་གིས། ཡུག་རེན་དུ་ཡོད་པའི་སྤུན་ཟླ་ཚང་མས་ངེས་པར་དུ་བྱ་བ་དེར་ཚད་མཐོའི་མཐོང་ཆེན་བྱས་ནས། བརྡ་ཐོའི་བླང་བྱ་ལྟར་གང་མགྱོགས་སུ་ཐོ་འགོད་དགོས་པའི་དྲན་སྐུལ་བྱས་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号