འདས་པའི་དུས་ཚོད24རིང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི44རྐྱེན་ལམ་དུ་ཤོར།
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས20ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24རིང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཉུང་མཐར་ཡང་མི44རྐྱེན་ལམ་དུ་ཤོར་བ་དང་། མི145ལ་རྨས་ཕོག་ཡོད་ཟེར།
སྡེ་ཁག་དེས་བཤད་རྒྱུར། ཟླ3པའི་ཚེས18ཉིན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི་སྟོང་གཅིག་དང་བརྒྱད་བརྒྱ་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བཞི་དང་བརྒྱད་བརྒྱ་ཉེར་བརྒྱད་ལ་རྨས་ཕོག་ཡོད་ཟེར།
གཞན་ཡང་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ངོས་ཀྱི་ཅཱ་ཧྲ་མཁར་དང་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་རུ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཡོད་ཟེར།
མིག་སྔར་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས20ཉིན་གྱི་འཇབ་རྒོལ་འགུལ་སྐྱོད་ཐད་ནས་གནས་ཚུལ་ཅི་ཡང་བསྒྲགས་མེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注