ཨ་མེ་རི་ཁའི་དམག་དཔུང་གིས་ཡེ་མིན་སཱ་ནཱའི་ཚོང་ར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས20ཉིན་གྱི་དགོང་མོར་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཡེ་མིན་གྱི་རྒྱལ་ས་སཱ་ནཱའི་གྲོང་ཁྱེར་ལྟེ་གནས་ཀྱི་ཚོང་ར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར་བ་དང་། མི30ལྷག་ལ་རྨས་ཕོག་ཡོད་ཟེར།

ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས20ཉིན་གྱི་དགོང་མོར་སཱ་ནཱ་གྲོང་ཁྱེར་ལྟེ་གནས་ཀྱི་མི་མང་བོ་འདུས་སའི་ཚོང་ར་ཞིག་ལ་འགས་གཏོར་བཏང་སྟེ་ཤི་རྨས་ཚབས་ཆེན་བཟོས་ཡོད་ལ། ཚོད་དཔག་བྱས་ན་ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། མིག་སྔར་རྒུད་སྐྱོབ་མི་སྣས་ཞིག་རོའི་འོག་ཏུ་སྔོག་བཤེར་བྱེད་བཞིན་ཡོད་ཟེར།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས20ཉིན་ད་རུང་ཡེ་མིན་བྱང་ཕྱོགས་ཀྱི་སཱ་ཏཱ་ས་ཁུལ་དུའང་བར་སྣང་འཇབ་རྒོལ་བྱས་ཟེར།

ཨ་མེ་རི་ཁས་ཟླ3པའི་ཚེས15ཉིན་ནས་བཟུང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པ་དང་། ཧུའུ་སེ་དྲག་ཆས་པས་དེའི་རྗེས་སུ་ཨ་མེ་རི་ཁའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་གྲུ་གཟིངས་གཞན་པར་འཇབ་རྒོལ་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号