ཧུའུ་སའེ་དྲག་ཆས་ཀྱིས་ཨ་རིའི་དམག་དཔུང་གིས་ཡེ་མེན་ནུབ་རྒྱུད་གྲུ་ཁར་མཁའ་རྒོལ་བྱས་ནས་མི17རྐྱེན་ལམ་དུ་ཤོར་ཟེར།

ཚེས17ཉིན་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་མ་ཞི་ལ་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེའི་དགོང་མོར་ཨ་རིའི་དམག་དཔུང་གིས་ཡེ་མེན་ནུབ་རྒྱུད་ཧོ་ཐའེ་ཏ་ཞིང་ཆེན་གྱི་དབྱི་ས་ཅའོ་གྲུ་ཁར་མཁའ་རྒོལ་བྱས་ནས་མི17རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

གནས་ཚུལ་སྤེལ་བ་ལྟར་ན། ཚེ་ལས་འདས་པ་དང་རྨས་སྐྱོན་ཕོག་ཡོད་མཁན་ཚང་མ་གྲུ་ཁ་དེའི་ལས་བཟོ་བ་ཡིན་པ་དང་། དམངས་སྤྱོད་འགོག་སྲུང་སྡེ་ཁག་དང་རོགས་སྐྱོབ་མི་སྣས་གྲུ་ཁའི་མེ་ཆེན་གསོད་བཞིན་ཡོད་ལ་རྨས་སྐྱོན་ཕོག་ཡོད་པ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།

ཚེས17ཉིན་ཨ་རིའི་ཀྲུང་དབྱང་སི་ལིན་པུའུ་ཡིས་སྤྱི་ཚོགས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས།  ཉིན་དེར་ཨ་རིའི་དམག་དཔུང་གིས་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་དབྱི་ས་ཅའོ་གྲུ་ཁར་འཇབ་རྒོལ་བྱས་ནས་གྲུ་ཁ་དེར་གཏོར་བརླག་བཏང་ཡོད་ཅེས་བཤད།

ཚེས17ཉིན་ཧུའུ་སའེ་དྲག་ཆས་ཀྱི་མགོ་ཁྲིད་པ་ཨ་པུའུ་ཏུའུ་ལེ·མ་ལི་ཁི·ཧུའུ་སའེ་ཡིས་མ་ཞི་ལ་བརྙན་འཕྲིན་ལས་ཁུངས་བརྒྱུད་ནས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ།  ཟླ3པའི་ཚེས15ཉིན་ནས་བཟུང་རྩ་འཛུགས་དེས་དབྱི་སི་རལ་ལ་འཇབ་རྒོལ་ཐེངས26བྱས་པ་དང་། རྒྱ་མཚོ་དམར་པོའི་ཨ་རིའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་གྲུ་གཟིངས་གཞན་དག་ལ་འཇབ་རྒོལ་ཐེངས33བྱས་པ་རེད།

ཟླ3པའི་ཚེས15ཉིན་ཨ་རིས་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱེད་མགོ་བརྩམས་པ་དང་། དེའི་རྗེས་སུ་ཧུའུ་སའེ་དྲག་ཆས་ཀྱིས་ཨ་རིའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་གྲུ་གཟིངས་གཞན་དག་ལ་རྡུང་རྡེག་བཏང་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号