ཨོ་སི་ཁྲུ་ལི་ཡའི་ཙུང་ལིས་ཨ་རི་དང་ཁ་ན་ཏས་སྒོ་ཁྲལ་བསྡུ་བའི་མདུན་དུ་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

ཚེས16ཉིན་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པ་ཉི་སི་ཡིས་ཨོ་སི་ཁྲུ་ལི་ཡའི2025ལོའི་རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོའི་མགོ་ཁྲིད་པའི་རྩོད་གླེང་ཚོགས་འདུ་ཐེངས་གཉིས་པའི་སྟེང་། ཨ་རི་སྲིད་གཞུང་གི་སྒོ་ཁྲལ་སྲིད་ཇུས་ལས་བྱུང་བའི་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་རྩོད་གླེང་ཁྲོད་ཁོས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཨར་པ་ཉི་སི་ཡིས་ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་ཟིས་ཞི་ཉི་རུ་བསྡུས་པའི་རྩོད་གླེང་ཚོགས་འདུ་དེའི་སྟེང་། ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་རང་མོས་ཉོ་ཚོང་སྐོར་གྱི་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་གྲོས་གཞིར་བསམ་གཞིག་ཡག་པོ་གཏོང་བར་ཁས་ལེན་བྱས་རྗེས། སྔར་བཞིན་ཨོ་སི་ཁྲུ་ལི་ཡ་ནས་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུ་གཏན་འབེབས་བྱས་པ་དང་།  བྱེད་སྟངས་དེ་རིགས་ཀྱིས་ཨ་རིའི་འཛད་སྤྱོད་མ་གནས་མཐོ་རུ་གཏོང་རྒྱུ་ཙམ་ལས་མེད་ཅེས་བཤད།

ཨར་པ་ཉི་སི་ཡིས་ཨ་རིས་སྒོ་ཁྲལ་སྣོན་བསྡུའི་བྱ་སྤྱོད་ནི་རང་ལ་གནོད་པ་ཙམ་མིན་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཨ་རིར་འོས་མེད་འགྲིག་ཐབས་མི་བྱེད་པར་རང་ཉིད་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ནན་གྱིས་བཤད།

ཟླ2པའི་ཚེས11ཉིན་ཨར་པ་ཉི་སི་ཡིས་ཐི་ལིང་ཕུའུ་ལ་ཁ་པར་བཏང་རྗེས།  སྨྱན་སྦྱོར་ལས་ཨ་རི་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་ནང་འདྲེན་སྒོ་ཁྲལ་ཁྲིམས་སྒོ་རང་བཙན་ལ་བསམ་གཞིག་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། འོན་ཀྱང་དེའི་རྗེས་སུ་ཡུན་རིང་མ་འགོར་བར་ཐི་ལིང་ཕུའུ་ཡིས་ཡིག་ཆར་མིང་རྟགས་བཀོད་ནས་ཨ་རིས་ནང་འདྲེན་བྱས་པའི་ངར་ལྕགས་དང་ཧ་ཡང་ཚང་མར་སྒོ་ཁྲལ25%བསྡུ་རྒྱུར་དམིགས་བསལ་གང་ཡང་མེད་པ་ཁྱབ་བསྒྲགས་བྱས་པ་རེད། ཟླ4བའི་ཚེས2ཉིན་ཐི་ལིང་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས་ཨོ་སི་ཁྲུ་ལི་ཡ་དང་བཅས་པའི་ཚོང་དོན་རོགས་ཟླ་ཚང་མར་འདྲ་མཚུངས་སྒོ་ཁྲལ་བསྡུ་རྒྱུ་ཐག་གིས་བཅད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号