སི་རི་ཡཱའི་ས་ཁུལ་མང་བོར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས།

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས2ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེའི་དགོང་མོར་སི་རི་ཡཱའི་མངའ་ཁོངས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་རབ་དང་རིམ་པ་སྤེལ་ཟེར།

དབྱི་སི་རལ་གྱིས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཤར་ངོས་ཀྱི་པེད་ཨར་ཙེ་ས་ཁུལ་གྱི་ཚན་རིག་ཞིབ་འཇུག་ལྟེ་གནས་ཉེ་འདབས་དང་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་ཧཱ་མཱ་གྲོང་ཁྱེར་གྱི་ཉེ་འདབས་ས་ཁུལ་སོགས་ལ་བར་སྣང་འཇབ་རྒོལ་བྱས་ཟེར། བསྒྲགས་པའི་གནས་ཚུལ་ལས་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་སོགས་བྱེ་བྲག་གནས་ཚུལ་ཞིབ་ཏུ་གླེང་མེད།

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས2ཉིན་གྱི་དགོང་མོར་སི་རི་ཡཱའི་ཧཱ་མཱ་ཞིང་ཆེན་དུ་ཡོད་པའི་དམག་བཀོལ་གནམ་གྲུ་ཐང་ལ་བར་སྣང་འཇབ་རྒོལ་ཐེངས་བཅོ་བརྒྱད་བྱས་པ་དང་། འཇབ་རྒོལ་བྱེད་སའི་དམིགས་འབེན་ལ་གནམ་གྲུ་དང་རྒྱུག་ལམ། ཕྱོགས་སྟོན་ཐོག་ཁང་བཅས་འདུས། ཐེངས་འདིའི་འཇབ་རྒོལ་ལས་སི་རི་ཡཱའི་བདེ་འཇགས་མི་སྣ་བཅོ་ལྔར་ཤི་རྨས་ཐེབས་པ་དང་། གནམ་གྲུ་ཐང་དེའི་ཞབས་ཞུ་མཚམས་འཇོག་ཏུ་བཅུག་ཡོད། དེ་ལས་གཞན་དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་མཁའ་དམག་གི་རྟེན་གཞི་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས2ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་འགའི་ནང་། དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་ཧཱ་མཱ་ཞིང་ཆེན་གྱི་དམག་དོན་རྟེན་གཞི་དང་ཧའོ་མུའུ་སི་ཞིང་ཆེན་དབུས་ཕྱོགས་ཀྱི་དམག་དོན་རྟེན་གཞིར་ཆམ་ཕབ་བཏང་ཡོད་པར་མ་ཟད། ཏཱ་མཱ་ཧྲི་ཀི་ས་ཁུལ་ནས་དམག་དོན་རྟེན་གཞིའི་སྒྲིག་ཆས་སྐོར་ཞིག་གཏོར་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ནན་གྱིས་བསྟན་དོན། མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་གྱི་མི་སེར་དཀྱུས་མར་དམིགས་པའི་འཇིགས་ཉེན་གང་རུང་མེད་པར་གཏོང་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号