དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ས་ངོས་འགུལ་སྐྱོད་སྤེལ་སའི་ས་ཁོངས་རྒྱ་བསྐྱེད་བྱས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས22ཉིན་ནས་བཟུང་ཅཱ་ཧྲའི་བྱང་ཕྱོགས་ཀྱི་པེད་ཐི་ཧཱ་ནོང་ས་ཁུལ་དུ་ས་ངོས་ཀྱི་འགུལ་སྐྱོད་སྤེལ་མགོ་བརྩམས་པ་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཅཱ་ཧྲའི་བྱང་ཕྱོགས་ཀྱི་བདེ་འཇགས་ས་ཁུལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ས་ཁུལ་དེའི་ཧཱ་མཱ་སིའི་དམིགས་འབེན་མང་བོ་དང་སྒྲིག་ཆས་མང་བོར་ཆམ་ཕབ་བཏང་བར་མ་ཟད། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་གྱི་མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། དབྱི་སི་རལ་གྱི་དམག་དཔུང་གིས་མི་སེར་དཀྱུས་མ་དག་བདེ་འཇགས་དབང་གིས་འཐབ་འཁྲུག་བྱེད་སའི་ས་ཁུལ་ནས་ཕྱིར་འཐེན་བྱེད་པར་ཆོག་མཆན་འགོད་རྒྱུ་རེད།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས23ཉིན་ད་རུང་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་ས་ཁུལ་གྱི་ཐེ་ལེ་སུའུ་ཏན་ཉེ་འདབས་ཀྱི་ཕཱ་ལེ་སི་ཐན་གྱི་སྡོད་དམངས་ལ་བྲེལ་མྱུར་ཕྱིར་འཐེན་གྱི་བརྡ་ཐོ་བཏང་སྟེ། ཁོ་ཚོ་མྱུར་མོར་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཨ་ཏི་ལོས་ཀྱིས་ཉིན་དེར་དྲ་ཐོག་བརྒྱུད་དེ་བཤད་རྒྱུར། ས་ཁུལ་དེ་དབྱི་སི་རལ་གྱི་དམག་དཔུང་གིས་འཐབ་འཁྲུག་བྱེད་སའི་ས་ཁོངས་སུ་གྱུར་ཡོད་པ་དང་། མི་སེར་དཀྱུས་མར་མཚོན་ན་ཉེན་ཁ་ཧ་ཅང་ཆེ་ཟེར། ཁོས་ད་རུང་ཕྱིར་འཐེན་བྱེད་པའི་ཁྱབ་ཁོངས་མཚོན་པའི་ས་ཁྲ་ཞིག་ཀྱང་སྤེལ་ཡོད་པར་མ་ཟད། ས་དེའི་སྡོད་དམངས་ཀྱིས་རླངས་འཁོར་བཀོལ་བ་གཏན་འགོག་བྱེད་རྒྱུ་ནན་བཤད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号