དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པས་མུ་མཐུད་དུ་འཐབ་འཁྲུག་བྱེད་རྒྱུའི་ཚུལ་བསྟན།

དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས19ཉིན་བརྙན་རིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ལ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འདོན་སྤྲོད་བྱེད་པའི་ཉིན་དེར་བཀག་འཇུག་མི་སྣ་གསུམ་ཕྱིར་གཏོང་བའི་མིང་ཐོ་འབྱོར་མེད་པས། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་འཐབ་འཁྲུག་བྱེད་རྒྱུ་ཡིན་ཟེར།

ཉིན་དེའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་། ཧཱ་ཅཱ་ལི་ཡིས་གོང་གི་གསལ་སྒྲོག་དེ་སྤེལ་བ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་བཟུང་མི་བརྗེ་སྤོར་བྱེད་པའི་གྲོས་མཐུན་མ་གཞི་དུས་ཚོད་དེའི་ནང་ནུས་ལྡན་དུ་འགྱུར་དགོས་པ་རེད།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་བཟུང་མི་བརྗེ་སྤོར་བྱེད་པའི་གྲོས་མཐུན་ནུས་ལྡན་དུ་འགྱུར་བའི་དུས་ཚོད་རྗེས་སུ་སྣུར་སྲིད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་ལ་ཧཱ་མཱ་སི་ཡིས་དེའི་སྔོན་འདོན་སྤྲོད་བྱེད་པར་ཁས་ལེན་བྱས་པའི་བཀག་འཇུག་མི་སྣའི་མིང་ཐོ་འབྱོར་རག་བར་དུ། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ནུས་ལྡན་དུ་འགྱུར་མི་སྲིད་ཟེར།

ཧཱ་མཱ་སི་ཡིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་འབྲེལ་ཡོད་དོན་ཚན་བརྩི་སྲུང་བྱེད་པ་དང་། སྐོར་ཐེངས་དང་པོའི་ཕྱིར་གཏོང་བའི་བཀག་འཇུག་མི་སྣའི་མིང་ཐོ་འདོན་སྤྲོད་བྱེད་པའི་དུས་ཚོད་ལ་འགོར་འགྱངས་བྱས་པ་ནི་ལག་རྩལ་གྱི་གནད་དོན་དབང་གིས་ཡིན་པ་ཁས་ལེན་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号