རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་མང་བོ་ཅཱ་ཧྲ་ས་ཁུལ་དུ་སོང་།

ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་ཚེས19ཉིན་བཤད་རྒྱུར། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་མང་བོ་དྲུད་པའི་རླངས་འཁོར་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་སོང་བ་དང་། ཕཱ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱེད་བཞིན་ཡོད།

ཉིན་དེར་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དྲུད་པའི་རླངས་འཁོར་མང་བོ་དབྱི་སི་རལ་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སོང་བ་དང་། དངོས་རྫས་དེ་དག་མྱུར་མོར་ས་དེའི་སྡོད་དམངས་ལ་བགོ་རྒྱུ་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号