ཨུ་རུ་སིའི་བདེ་འཇགས་གྲོས་ཁང་གི་ཀྲུའུ་ཞི་གཞོན་པས་མིག་སྔའི་ཆ་རྐྱེན་འོག་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་ཐབས་མེད་པའི་ཚུལ་བསྟན།
ཨུ་རུ་སིའི་བདེ་འཇགས་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མཱེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཚེས19ཉིན་བསྟན་དོན། མིག་སྔའི་དངོས་ཡོད་ཆ་རྐྱེན་འོག ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྒྱུན་ལྡན་ཅན་དུ་འགྱུར་བར་རྩ་བའི་ཐོག་ནས་དཔེ་མི་སྲིད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་དགོས་པ་ཡོད་མིན་གསལ་བོར་མི་ཤེས་ཟེར།
ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་གི་ལས་འགན་མ་ཁུར་གོང་། མཱེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཚེས19ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། པེད་ཏིན་སྲིད་གཞུང་གིས་ཨུ་རུ་སིར་བཟུང་བའི་སྲིད་ཇུས་ཐད་བསམ་བཞིན་དུ་ཉམས་ཉེན་ཚབས་ཆེན་ཤུལ་དུ་བསྐྱུར་ཡོད། དེ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་དེ་མ་འོངས་པའི་དུས་ཡུན་རིང་བོའི་ནང་བསྟུད་མར་མངོན་སྲིད་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་བྱེད་པར་དཀའ་ཁག་ཧ་ཅང་ཆེ་ལ། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་ཅང་དུ་གཏོང་བར་ལོ་ངོ་བཅུ་ཕྲག་འགའི་དུས་ཚོད་དགོས་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས17ཉིན་བསྟན་དོན། ཐི་ལིང་ཕུའུ་ཡི་འགན་ཡུན་གསར་བའི་ནང་། ཨ་མེ་རི་ཁས་ཨུ་རུ་སིར་ལག་བསྟར་བྱས་པའི་བཀག་སྡོམ་གནོན་ཤུགས་སྟེར་བའི་སྲིད་ཇུས་ལ་རྩ་བའི་འགྱུར་ལྡོག་འབྱུང་མི་སྲིད་པ་དང་། དེར་རེ་བ་ཆེན་པོ་བཅངས་མེད་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས14ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཐི་ལིང་ཕུའུ་ཡིས་ལས་འགན་ཁུར་རྗེས་ཁོ་དང་ཁ་པར་གྲོས་མོལ་བྱེད་སྲིད་ཀྱང་། ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོས་མོལ་དེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་རྨང་གཞིའི་སྟེང་སྤེལ་དགོས་ཟེར། ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་འདེམ་བསྐོ་ཆེན་མོ་མཇུག་སྒྲིལ་རྗེས་ཨུ་རུ་སིའི་ཕྱོགས་ཀྱིས་ཐི་ལིང་ཕུའུ་ཡི་འཐུས་མིར་འབྲེལ་འདྲིས་བྱས་མ་མྱོང་ཡང་། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注