ཐེ་གོའི་ཙུང་ལི་ཕའེ་ཐུང་ཐན་གྱིས་ལུགས་རྙིང་ལོ་སར་ནི་ཐེ་གོ་དང་ཀྲུང་གོའི་རིག་གནས་སྦྲེལ་ཐག་གི་མཚོན་རྟགས་ཡིན་པའི་ཚུལ་བསྟན།

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཐེ་གོའི་ཙུང་ལི་ཕའེ་ཐུང་ཐན་གྱིས་ཉེ་སྔོན་བརྙན་རིས་བརྒྱུད་དེ་ལུགས་རྙིང་ལོ་སར་གྱི་འཚམས་འདྲི་བྱས། ཕའེ་ཐུང་ཐན་གྱིས་ཐེ་གོར་སྡོད་པའི་ཀྲུང་གོ་བ་དང་ཐེ་གོ་རུ་ཡོད་པ་དང་ཀྲུང་གོའི་རྒྱལ་ནང་གི་ཀྲུང་གོའི་མི་དམངས་ལ་ལོ་སར་སྤྲོ་སྐྱིད་ཡོང་བའི་སྨོན་འདུན་ཞུས། ཁོ་མོས་བཤད་རྒྱུར། འདི་ནས་ངས་ཚང་མའི་ལུས་ཕུང་བདེ་ཐང་དང་བྱ་གཞག་དར་ཞིང་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུས་པ་ཡིན་ཟེར།

ཕའེ་ཐུང་ཐན་གྱིས་བསྟན་དོན། ལུགས་རྙིང་ལོ་སར་ནི་དམིགས་བསལ་གྱི་དུས་སྐབས་ཤིག་དང་། ཁྱིམ་མི་ལྷན་འཛོམས་བྱས་ཏེ་འདས་པའི་ལོ་གཅིག་གི་མཛེས་པའི་དྲན་པ་མཉམ་སྤྱོད་བྱས་ནས་ཕན་ཚུན་ལ་ལོ་སར་གྱི་སྨོན་འདུན་ཞུ་བ་ཡིན་ཟེར། ཁོ་མོས་ཆེད་དུ་རྒྱ་ཡིག་བཀོལ་ནས་ཞིན་ཧྭ་གསར་འགྱུར་ཁང་གི་ཀློག་པ་པོ་དང་ལྷད་མོ་བ་ཚོར་ལོ་སར་སྤྲོ་སྐྱིད་ཡོང་བའི་སྨོན་འདུན་ཞུས།

ཕའེ་ཐུང་ཐན་གྱིས་ལུགས་རྙིང་ལོ་སར་དེ་ཐེ་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཐད་ཀྱི་དམིགས་བསལ་དོན་སྙིང་དེ་དམིགས་སུ་བཀར་ནས་གླེང་། ཁོ་མོས་བཤད་རྒྱུར། ལུགས་རྙིང་ལོ་སར་གྱིས་ཐེ་གོ་དང་ཀྲུང་གོའི་མི་དམངས་བར་གྱི་ཡུན་རིང་བའི་རིག་གནས་ཀྱི་སྦྲེལ་ཐག་མཚོན་ཡོད་པ་དང་། སྦྲེལ་ཐག་དེས་རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་དང་མཉམ་ལས་ལ་ཤུགས་སྣོན་དང་ཇེ་ཟབ་ཏུ་བཏང་སྟེ། ང་ཚོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号