ཁྲའོ་ཞན་གྱིས་ཨ་མེ་རི་ཁ་སོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་དམག་དོན་དཀྲུག་འཕེན་བྱས་པར་རྒོལ་གཏམ་བཏང་།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས17ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་ཕྱི་ཕྱོགས་སྲིད་ཇུས་ཁང་གི་མགོ་བས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་དེའི་མནའ་མཐུན་སྟོབས་ཤུགས་ཀྱིས་དམག་དོན་དཀྲུག་འཕེན་བྱས་པར་རྒོལ་གཏམ་བཏང་བ་དང་། ཁྲའོ་ཞན་ཕྱོགས་ཀྱིས་རང་སྲུང་དབང་ཆ་ལག་བསྟར་བྱས་ནས་ཚོད་འཛིན་བྱེད་རྒྱུའི་ཚུལ་བསྟན།
གཏམ་བཤད་ལས་བཤད་རྒྱུར། ལོ་གསར་བ་ཚེས་པའི་སྐབས་འདིར། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་དམག་དོན་དཀྲུག་འཕེན་བྱ་སྤྱོད་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ཁྲའོ་ཞན་གྱི་བདེ་འཇགས་ཁོར་ཡུག་ལ་འགྲན་སློང་ཆེན་པོ་བྱས་ཡོད་ཟེར། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རང་སྲུང་དབང་ཆའི་ལག་བསྟར་ཤུགས་ཚད་ཇེ་ཆེར་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注