དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་མཇུག་མཐའི་རྩོད་གཞིའི་གནད་དོན་ཐག་གཅོད་བྱས་ཡོད་པའི་ཚུལ་བསྟན།

དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་ཚེས16ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ཆེས་མཇུག་མཐའི་རྩོད་གཞིའི་གནད་དོན་ཐག་གཅོད་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཇུག་མཐའི་སྐབས་ཀྱི་འགལ་བ་དེ་མི་འགྱངས་པར་གཏོང་རྒྱུ་ཡིན་པའི་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣའི་མིང་ཐོ་རེད་ཟེར།

གཞན་ཡང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཚེས17ཉིན་གྲོས་ཚོགས་བསྡུས་ཏེ། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འདེམ་ཤོག་འཕེན་རྒྱུ་ཡིན་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འདེམ་ཤོག་འཕངས་ནས་གྲོས་འཆམ་བྱུང་རྗེས་ད་གཟོད་དངོས་སུ་ནུས་ལྡན་དུ་འགྱུར་སྲིད་ཟེར།

གྲོས་ཚོགས་དེ་ཚེས16ཉིན་སྤེལ་རྒྱུ་ཐག་གིས་བཅད་ཡོད། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས16ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་བཀོད་པའི་གྲོས་མཐུན་གྱི་ནང་དོན་དང་འགལ་ཡོད་ལ། ཆེས་མཇུག་མཐའི་སྐབས་སུ་དབྱི་སི་རལ་གྱིས་ཀུ་ཡངས་གཏོང་བར་བཙན་སྐུལ་བྱེད་རྩིས་བྱས་ཟེར། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་གནས་སྐབས་སུ་གྲོས་ཚོགས་བསྡུ་མི་སྲིད་ལ། འདུམ་འགྲིག་ཕྱོགས་ཀྱི་བརྡ་འབྱོར་ནས་ཧཱ་མཱ་སི་ཡིས་གྲོས་མཐུན་གྱི་ནང་དོན་ཚང་མ་དང་ལེན་བྱས་པ་ཁས་ལེན་བྱས་རྗེས་ཚོགས་འདུ་བསྡུ་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号