སི་ལོ་ཝ་ཁིའི་ཙུང་ལི་ཡིས་ཝུའུ་ཁི་ལན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་མཚམས་འཇོག་པར་བསམ་བློ་གཏོང་རྒྱུའི་ཚུལ་བསྟན།
སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙོ་ཡིས་ཚེས9ཉིན་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་པའི་ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་མཚམས་བཞག་པའི་གནད་དོན་ཐག་གཅོད་འོས་འཚམ་མ་བྱས་ན། སི་ལོ་ཝ་ཁིའི་སྲིད་གཞུང་གིས་ཝུའུ་ཁི་ལན་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཚམས་འཇོག་པར་བསམ་བློ་གཏོང་སྲིད་ཟེར།
ཧྥེ་ཙོ་ཡིས་ཉིན་དེར་པུའུ་ལུའུ་སེར་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ནུས་ཁུངས་ཆེད་དོན་པ་ཏན་ཡའོ་ཀིན་སིན་དང་གྲོས་མོལ་བྱས། ཧྥེ་ཙོ་ཡིས་གྲོས་མོལ་བྱས་རྗེས་སྨྱན་བྱད་ལ་བསྟན་དོན། སི་ལོ་ཝ་ཁི་ཡིས་བྱེད་ཐབས་རེ་འགའ་སྤྱོད་པར་བསམ་བློ་གཏོང་སྲིད་པ་དང་། དཔེར་ན་ཝུའུ་ཁི་ལན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས་ཝུའུ་ཁི་ལན་གྱི་འབྲེལ་ཡོད་གྲོས་གཞིར་རྒྱབ་སྐྱོར་མི་བྱེད་པ། དེ་མིན་ཁོས་དེའི་སྔོན་ཁྱབ་བསྒྲགས་བྱས་པའི་ཝུའུ་ཁི་ལན་གྱི་གློག་ཤུགས་མཁོ་འདོན་མཚམས་འཇོག་པ་དང་། སི་ལོ་ཝ་ཁིའི་མངའ་ཁོངས་ཀྱི་ཝུའུ་ཁི་ལན་གྱི་ཡུལ་གྱར་བ་ཇེ་ཉུང་དུ་གཏོང་བ་སོགས་འདུས་ཟེར།
ཧྥེ་ཙོ་ཡིས་བཤད་རྒྱུར། སི་ལོ་ཝ་ཁི་ཡིས་གནས་བབ་ཛ་དྲག་ཏུ་གཏོང་འདོད་མེད་ཀྱང་། གལ་ཏེ་ཕྱོགས་སོ་སོས་རང་བྱུང་སོལ་རླངས་མངའ་ཁོངས་བརྒྱུད་པའི་གནད་དོན་ཐད་ནས་གྲོས་མཐུན་འགོད་ཐུབ་མེད་ན། སི་ལོ་ཝ་ཁི་ཡིས་གོང་གི་བྱེད་ཐབས་དེ་དག་ལག་བསྟར་བྱེད་པར་བསམ་བློ་གཏོང་རྒྱུ་ཡིན། སི་ལོ་ཝ་ཁི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་མཉམ་འབྲེལ་བྱ་བའི་ཚན་ཆུང་བཙུགས་ནས་གནད་དོན་དེ་ཐག་གཅོད་བྱེད་བཞིན་ཡོད་ཟེར།
ཧྥེ་ཙོ་ཡིས་ཚེས8ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་པའི་ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་མཚམས་བཅད་ན་སི་ལོ་ཝ་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ཁེ་ཕན་ལ་གནོད་སྐྱེལ་ཡོད་ཅིང་། སི་ལོ་ཝ་ཁི་ལ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔའི་གྱོང་གུད་བཟོ་སྲིད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ལ་ཡོ་སྒོར་ཐེར་ཆེན་བདུན་གྱི་གྱོང་གུད་བཟོ་སྲིད་ཟེར།
ཝུའུ་ཁི་ལན་དང་ཨུ་རུ་སིའི་རང་བྱུང་སོལ་རླངས་མངའ་ཁོངས་བརྒྱུད་པའི་གྲོས་མཐུན་དེ2024ལོའི་ཟླ12པའི་ཚེས31ཉིན་ཡུན་ཚད་ལོངས་པ་དང་། ཝུའུ་ཁི་ལན་གྱིས་གྲོས་མཐུན་དེ་མུ་མཐུད་དུ་འགོད་པར་ཁས་ལེན་མ་བྱས་པས། 2025ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཨུ་རུ་སིས་སི་ལོ་ཝ་ཁི་ལ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་མཚམས་བཞག་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注