མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉས་ཡེ་མིན་ཧུའུ་སེ་དྲག་ཆས་པར་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལོན་ཏི་པེ་ལི་ཡིས་ཚེས9ཉིན་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པར་རང་གིས་བཀག་འཇུག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སོགས་ལས་ཁུངས་ཀྱི་མི་སྣ་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉའི་གཞུང་སྒྲུབ་ཁང་གིས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། ཀི་ལོན་ཏི་པེ་ལི་ཡིས་ཉིན་དེར་ཡེ་མིན་གྱི་རྒྱལ་ས་སཱ་ནཱའི་འཚམས་འདྲི་མཇུག་སྒྲིལ་བ་དང་། ཁོས་འཚམས་འདྲི་བྱེད་སྐབས་ཧུའུ་སེ་དྲག་ཆས་པའི་དཔོན་རིགས་དང་མཉམ་དུ་ཞི་བའི་གྲོས་འདོན་ལ་སྐུལ་འདེད་གཏོང་བ་དང་ཆ་རྐྱེན་ཅི་ཡང་མེད་པའི་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བར་འགན་སྲུང་བྱེད་པའི་ཐད་གྲོས་བསྡུར་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀི་ལོན་ཏི་པེ་ལི་ཡིས་ཧུའུ་སེ་དྲག་ཆས་པས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པར་རྩ་འཛུགས་དེས་བཀག་འཇུག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས། དམངས་ཁྲོད་ལས་ཁུངས། ཕྱི་འབྲེལ་ཚོགས་པ་བཅས་ཀྱི་མི་སྣ་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་བ་དང་། གང་འདོད་དུ་བཀག་འཇུག་བྱེད་པ་དེ་དང་ལེན་བྱེད་ཐབས་མེད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་འདོད། བཀག་འཇུག་ཐེབས་པའི་མི་སྣའི་གནད་དོན་ཐག་གཅོད་བྱེད་པ་དེ་ཕྱོགས་སོ་སོའི་བར་ཡིད་ཆེས་ཆགས་པ་དང་ཞི་བདེའི་འཕེལ་རིམ་གྱི་དམ་བཅའ་བསྒྲགས་པར་གལ་འགངས་ཧ་ཅང་ཆེ་ཟེར།

ཀི་ལོན་ཏི་པེ་ལི་ཡིས་བཤད་རྒྱུར། ཡེ་མིན་དང་དབུས་ཤར་ས་ཁུལ་ལ་མཚོན་ན་གནས་བབ་ཞི་འཇགས་སུ་འགྲོ་བར་གལ་འགངས་ཧ་ཅང་ཆེ་བ་དང་། གྲོས་མོལ་ལ་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར། ཁོས་ཕྱོགས་སོ་སོས་བྱེ་བྲག་གི་འགུལ་སྐྱོད་སྤེལ་ནས་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། ཡེ་མིན་གྱི་ཡུན་རིང་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀི་ལོན་ཏི་པེ་ལི་ནི་ཚེས6ཉིན་སཱ་ནཱ་རུ་འབྱོར་བ་ཡིན་ལ། དེ་ནི་ཁོས་ལོ་གཉིས་ཀྱི་ནང་ཐོག་དང་པོར་ཡེ་མིན་དུ་འཚམས་འདྲི་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号