ཨེ་ཅིབ་ཀྱིས་ཧིན་རྡུ་ཉི་ཞི་ཡཱ་གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བར་དགའ་བསུ་ཞུས།

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། ཧིན་རྡུ་ཉི་ཞི་ཡཱ་གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བར་དགའ་བསུ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱ་གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བ་ལས་རྒྱལ་ཁབ་གཉིས་ཀྱི་དཔོན་ཕྱོགས་དང་དམངས་ཁྲོད་ཀྱི་རིམ་པ་སོ་སོའི་མཉམ་ལས་ལ་འབྲེལ་ཟམ་ཞིག་བཙུགས་ཡོད་པ་དང་། ཨེ་ཅིབ་ཀྱིས་ཧིན་རྡུ་ཉི་ཞི་ཡཱ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་གི་བྱ་འགུལ་ཚང་མར་ཞུགས་ནས། ཐུན་མོང་གིས་སེམས་ཁུར་བྱེད་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་དེར་ཤུགས་སྣོན་པར་རེ་བས་ཁེངས་ཡོད་ཟེར། ཨེ་ཅིབ་ཀྱིས་བསྐྱར་སྒྲོག་བྱས་དོན། གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་གནད་དོན་མང་བོའི་སྟེང་འདྲ་མཚུངས་ཀྱི་ལངས་ཕྱོགས་དང་རེ་འདུན་ཡོད་ལ། ཁྱད་པར་དུ་དཔལ་འབྱོར་དང་དངུལ་ལོར་མཉམ་ལས་ཁྱབ་ཁོངས་སུ་དེ་འདྲ་ཡིན་ཟེར།

2025ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། པཱ་ཞི་ཡིས་ཚེས6ཉིན་ཧིན་རྡུ་ཉི་ཞི་ཡཱ་གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བ་ཁྱབ་བསྒྲགས་བྱས།

ཟླ་འདིའི་ཚེས་གཅིག་ཉིན། ཧཱ་སག་སི་ཐན་དང་མཱ་ལེ་ཞི་ཡཱ། ཁུ་པཱ། པའོ་ལེ་ཝེ་ཡ་སོགས་རྒྱལ་ཁབ་མང་བོ་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོགས་པོའི་རྒྱལ་ཁབ་ཏུ་གྱུར་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号