ཁཱ་ནཱ་ཏཱའི་ནོར་སྲིད་པུའུ་ཀྲང་གིས་རང་དབང་ཏང་གི་གཙོ་འཛིན་གྱི་འགྲན་རྩོད་ལ་ཞུགས་མི་སྲིད་པའི་ཚུལ་བསྟན།

ཁཱ་ནཱ་ཏཱའི་ནོར་སྲིད་པུའུ་ཀྲང་ལེ་པུའུ་ལིང་གིས་ཚེས8ཉིན་བསྟན་དོན། ཁོ་རང་རང་དབང་ཏང་གི་གཙོ་འཛིན་གྱི་འགྲན་རྩོད་ལ་ཞུགས་མི་སྲིད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཨ་མེ་རི་ཁའི་སྒོ་གཅལ་འཇིགས་ཉེན་ཐག་གཅོད་བྱེད་པར་གཞོལ་རྒྱུ་ཡིན་ཟེར།

ལེ་པུའུ་ལིང་གིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནད་འགག་གི་དུས་སྐབས་སུ། ཁོ་ནེ་ཀིའི་བྱ་བར་རྩེ་གཅིག་ཏུ་གཞོལ་བ་དང་། ཕྱོགས་སོ་སོའི་བར་མཐུན་སྒྲིལ་བྱས་ནས་ཨ་མེ་རི་ཁའི་དྲང་བདེན་མིན་པའི་སྒོ་གཅལ་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁས་སྒོ་གཅལ་ཇེ་མང་དུ་བཏང་བ་ལས་ཁཱ་ནཱ་ཏཱའི་དཔལ་འབྱོར་དང་མིའི་འཚོ་སྡོད་ཐད་བཟོས་པའི་འཇིགས་ཉེན་ལ་སྣང་ཆུང་བྱེད་མི་རུང་ལ། ཤུགས་ཆེན་པོས་དེར་དོ་སྣང་བྱེད་དགོས་ཟེར།

2024ལོའི་ཟླ12པའི་ཚེས16ཉིན། སྐབས་དེའི་སྤྱི་བའི་བདེ་འཇགས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་བའི་ལེ་པུའུ་ལིང་ནོར་སྲིད་པུའུ་ཀྲང་གསར་བར་བསྐོ་འཇོག་བྱས་པ་རེད། ཁོས་བསྟན་དོན། ནོར་སྲིད་པུའུ་ཀྲང་གི་འགན་ཁུར་རྗེས་ཀྱི་ལས་འགན་གཙོ་བོ་ནི་ཁཱ་ནཱ་ཏཱའི་མིའི་འཚོ་བའི་མ་རྩ་ཇེ་དམའ་རུ་གཏོང་བ་དང་། ཨ་མེ་རི་ཁའི་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་དེ་ཡིན་ཟེར། ལེ་པུའུ་ལིང་ནི་མིག་སྔར་ཁཱ་ནཱ་ཏཱའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་པའི་མི་སྣ་གཙོ་བོ་ཡིན་པ་དང་། སྔོན་ཆད་ཁཱ་ནཱ་ཏཱའི་མཐའ་མཚམས་སྲིད་ཇུས་གསར་བ་ཁྱབ་བསྒྲགས་བྱས་པར་མ་ཟད་ཨ་མེ་རི་ཁར་སོང་ནས་ཐི་ལིང་ཕུའུ་ཡི་ཚོགས་ཁག་བར་གྲོས་མོལ་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号